ཁྲའོ་ཞན་གྱིས་རྣམ་པ་གསར་བའི་མཁའ་སྲུང་འཕུར་མདའ་གཏོང་འཕེན་ཚོད་ལྟ་བྱས།
2024.04.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་་ཉི་ཤུ་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་འཕུར་མདའི་སྤྱི་ཁྱབ་ཅུའུ་ཡིས་ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར་ཁྲའོ་ཞན་ནུབ་ཕྱོགས་ཀྱི་མཚོ་ཁོངས་སུ་རྣམ་པ་གསར་བའི་འཐབ་ཇུས་རྗེས་འདེད་འཕུར་མདའི་ནུས་པའི་ཚོད་ལྟ་དང་རྣམ་པ་གསར་བའི་མཁའ་སྲུང་འཕུར་མདའ་གཏོང་འཕེན་ཚོད་ལྟ་བྱས།

བསྒྲགས་པ་ལྟར་ན། འབྲེལ་ཡོད་ཀྱི་ཚོད་ལྟ་ནི་ཁྲའོ་ཞན་ཕྱོགས་ཀྱིས་རྣམ་པ་གསར་་བའི་མཚོན་ཆའི་མ་ལག་གི་འཐབ་རྩལ་དང་ལག་རྩལ་བྱེད་ནུས་དང་བཀོལ་སྤྱོད་སོགས་ཀྱི་ལག་རྩལ་མངོན་འགྱུར་བྱེད་ཆེད་མྱུར་མོར་གསར་སྤེལ་བྱས་པའི་རྒྱུན་ལྡན་རང་བཞིན་གྱི་བྱ་འགུལ་གྱི་ཁག་ཅིག་ཡིན་པ་དང་། ས་ཁུལ་གྱི་གནས་བབ་ལ་འབྲེལ་བ་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།