ཟླ4པའི་ཚེས20ཉིན། ཨུ་རུ་སུའི་པེ་ཨར་ཀི་ལའོ་ཏི་མངའ་སྡེ་ཡི་འགོ་གཙོ་ཀི་ལཱ་ཏི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཉིན་དེའི་ཐོ་རེངས་ཀྱི་དུས་སུ། མངའ་སྡེ་དེའི་པོ་ལའོ་ཚི་གྲོང་ཚོའི་ཡུལ་མིའི་སྡོད་ཁང་ཞིག་ལ་ཝུའུ་ཁི་ལན་གྱི་མི་མེད་གནམ་གྲུའི་འཇབ་རྒོལ་བྱས་ནས་མི2བསད་ཡོད་ཟེར།
ཀི་ལཱ་ཏི་ཁི་ཧྥུའུ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱི་མི་མེད་གནམ་གྲུའི་འཇབ་རྒོལ་གྱིས་དམངས་ཀྱི་སྡོད་ཁང་ལ་མེ་འབར་བ་དང་མི2བསད་ཡོད་ཅིང་། སྡོད་ཁང་ཧྲིལ་བོ་མེས་བསྲེགས་ནས་མེད་པར་བཏང་ཡོད་ལ། སྡོད་ཁང་དེའི་ཉེ་འཁོར་གྱི་སྡོད་ཁང་གཞན་ཞིག་ལའང་གནོད་སྐྱོན་ཚབས་ཆེན་བཟོས་ཡོད་ཟེར།
པེ་ཨར་ཀི་ལའོ་ཏི་མངའ་སྡེ་ནི་ཨུ་རུ་སུའི་ལྷོ་ནུབ་རྒྱུད་དུ་གནས་པ་དང་། ཝུའུ་ཁི་ལན་དང་ས་མཚམས་འདབས་འབྲེལ་ཏུ་གནས་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།