དབྱི་སི་རལ་དམག་དཔུང་གིས་ཅཱ་ཧྲའི་ལྷོ་རྒྱུད་དུ་མཁའ་རྒོལ་བྱས་ནས་མི་བཅུ་བསད།
2024.04.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ4པའི་ཚེས20ཉིན། ཕ་ལེ་སི་ཐན་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཚེས19ཉིན་གྱི་དགོང་མོ། དབྱི་སི་རལ་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་གྲོང་ཁྱེར་ལཱ་ཧྥ་ཡི་སྡོད་ཁང་མང་པོ་ཞིག་ལ་བར་སྣང་ནས་འཇབ་རྒོལ་བྱས་ཏེ་ཉུང་མཐར་ཡང་མི་བཅུ་བསད་ཟེར།

སྤེལ་བའི་གནས་ཚུལ་ལྟར་ན། ཐེངས་འདིའི་མཁའ་རྒོལ་ཁྲོད་ཀྱི་འདས་པོ་མང་ཆེ་བ་ནི་བུད་མེད་དང་བྱིས་པ་རེད། རོགས་སྐྱོབ་མི་སྣས་ཞིག་རོའི་འོག་ཏུ་ཤོར་བའི་མི་སྣ་འཚོལ་སྐྱོབ་བྱེད་བཞིན་ཡོད་ཟེར།

གཞན་ཡང་ཚེས19ཉིན་གྱི་དགོང་མོ་ནས་བཟུང་དབྱི་སི་རལ་དམག་དཔུང་གིས་ཅཱ་ཧྲའི་བྱང་རྒྱུད་དང་དབུས་རྒྱུད་ཀྱི་ས་ཁུལ་མང་པོ་ཞིག་འགས་གཏོར་བྱས་ལ། མིག་སྔར་ཤི་རྨས་ཀྱི་གནས་ཚུལ་གསལ་པོ་ཤེས་ཀྱིན་མེད།

གཞན་ཡང་ཕ་ལེ་སི་ཐན་གྱི་སྨྱན་བྱད་མང་པོ་ཞིག་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཚེས18ཉིན་ནས་བཟུང་དབྱི་སི་རལ་དམག་དཔུང་གིས་ཅོར་ཏན་གཙང་པོའི་ནུབ་ངོགས་ཀྱི་གྲོང་ཁྱེར་ཐུའུ་ལེ་ཁེའར་མུའུ་ཉེ་འགྲམ་གྱི་ཡུལ་གྱར་བའི་སྒར་སར་དམག་དོན་བྱ་སྤྱོད་སྤེལ་ཏེ། ས་གནས་དེ་གའི་ཕ་ལེ་སི་ཐན་པའི་བར་འཁྲུག་རྩོད་བྱུང་ནས། མིག་སྔར་ཉུང་མཐར་ཡང་ཕ་ལེ་སི་ཐན་གྱི་མི་ལྔ་བསད་པ་དང་། དབྱི་སི་རལ་དམག་དཔུང་གི་དམག་མི་མང་པོ་ཞིག་ལ་རྨས་སྐྱོན་བཟོས་ཡོད་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།