དབྱི་སི་རལ་གྱི་དམག་དཔུང་གིས་ལཱ་ཧྥ་རུ་བར་སྣང་འཇབ་རྒོལ་བྱས་ཏེ་ཉུང་མཐར་ཡང་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།
2024.04.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཕཱ་ལེ་སི་ཐན་བརྙན་འཕྲིན་ཁང་གིས་ཚེས་ཉེར་གཅིག་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་གྱི་སྡོད་ཁང་མང་བོར་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་བཅུ་དགུ་རྐྱེན་ལམ་དུ་ཤོར་ཟེར།

བསྒྲགས་པ་ལྟར་ན། འདས་པོ་མང་ཆེ་བ་ནི་བུད་མེད་དང་བྱིས་པ་ཡིན་ལ། དེའི་ནང་སྦྲུམ་མ་གཅིག་ཡོད། གཞན་ཡང་མི་མང་བོ་ཞིག་རོའི་འོག་ཏུ་མནན་ནས་རྒུད་སྐྱོབ་བྱེད་པར་སྒུག་ཡོད་ཟེར།

གཞན་ཡང་ཕཱ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་ཚེས་ཉེར་གཅིག་ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ད་རུང་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཞི་པའོ་ལོན་ནས་ཕཱ་ལེ་སི་ཐན་གྱི་མིའི་བར་འཁྲུག་རྩོད་བྱས་པ་དང་། མེ་མདས་བརྒྱབ་ནས་ཕཱ་ལེ་སི་ཐན་གྱི་མི་གཉིས་བསད་ཡོད་ཟེར།

ཕཱ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་ཉེར་གཅིག་ཉིན་སྤེལ་བའི་གཞི་གྲངས་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་འདས་པའི་དུས་ཚོད་ཉེར་བཞིའི་རིང་ལ་ཅཱ་ཧྲ་ས་ཁུལ་གྱི་འཇབ་རྒོལ་ལས་བསྡོམས་པས་མི་ཞེ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་གོ་བདུན་ལ་རྨས་ཕོག ན་ནིང་ཟླ་བཅུ་པར་སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ལས་མི་ཁྲི་གསུམ་དང་སྟོང་བཞི་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་བདུན་དང་སྟོང་བདུན་ཙམ་ལ་རྨས་ཕོག་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།