མར་ཏའེ་ཝེ་ཡིས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ།
2024.04.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

མར་ཏའེ་ཝེ་ཡི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་དེ་ཚེས་ཉེར་གཅིག་ཉིན་སྤེལ་བ་དང་། འདེམ་སྒུག་པ་སུམ་བརྒྱ་དང་རེ་བརྒྱད་ཀྱིས་གྲོས་མིའི་ལས་གནས་གོ་གསུམ་ལ་འགྲན་རྩོད་བྱས།

ཐེངས་འདིའི་འདེམ་བསྐོའི་ས་ཁུལ་སོ་སོར་བསྡོམས་པས་འདེམ་ཤོག་འཕེན་ས་དྲུག་བརྒྱ་དང་གཉིས་བཀོད་སྒྲིག་བྱས་ཡོད་པ་དང་། དེའི་ནང་ཕྱི་རྒྱལ་གྱི་འདེམ་ཤོག་འཕེན་ས་གསུམ་འདུས་ཡོད། འདེམ་བསྐོ་ལ་ཞུགས་པའི་ཐོབ་ཐང་ཡོད་པའི་འདེམས་དམངས་འབུམ་གཉིས་དང་ཁྲི་བརྒྱད་ཡོད། མར་ཏའེ་ཝེ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པའི་ཉིན་རིམ་ལྟར་ན། ས་དེའི་ཚེས་ཉེར་གཅིག་ཉིན་གྱི་ཞོགས་པའི་དུས་ཚོད་བརྒྱད་སྟེང་འདེམ་ཤོག་འཕེན་མགོ་བརྩམས་པ་དང་། ཕྱི་དྲོའི་དུས་ཚོད་ལྔ་དང་ཕྱེད་ཀའི་སྟེང་མཇུག་བསྒྲིལ་བ་རེད། འདེམ་ཤོག་རྩིས་ལེན་མི་སྣས་འདེམ་ཤོག་འཕེན་སའི་སྒམ་དེ་སྐར་མ་སུམ་ཅུའི་རིང་རྒྱ་བསྡམ་རྗེས་འདེམ་ཤོག་རྩིས་ལེན་བྱེད་རྒྱུ་ཡིན་ལ། འདེམ་ཤོག་གི་མཇུག་འབྲས་དེ་ཉིན་བདུན་ནང་ཁྱབ་སྒྲོག་བྱེད་རྒྱུ་རེད།

མར་ཏའེ་ཝེ་གྲོས་ཁང་གིས་བསྡུར་ཚད་འཐུས་མིའི་ལམ་ལུགས་ལག་བསྟར་བྱེད་ཅིང་། སྐབས་རེའི་འགན་ཡུན་ལོ་ངོ་ལྔ་ཡིན་ལ། སྲིད་འཛིན་ས་ཁུལ་སོ་སོའི་གྲོས་མིའི་ཁ་གྲངས་ནི་ས་དེའི་མི་གྲངས་ལྟར་ཐག་གཅོད་བྱེད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།