འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞོང་གིས་ཅིན་གོ་ལྷ་ཁང་ལ་མཆོད་རྫས་ཕུལ།
2024.04.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞོང་གིས་ཚེས་ཉེར་གཅིག་ཉིན་ནེ་ཀིའི་ཙུང་ལི་བློན་ཆེན་གྱི་མིང་ཐོག་ནས། འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཀྱི་འཐབ་འཁྲུག་ཉེས་ཅན་གཙོ་བོ་མཆོད་སའི་ཅིན་གོ་ལྷ་ཁང་ལ་མཆོད་རྫས་ཕུལ།

ཅིན་གོ་ལྷ་ཁང་གིས་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་གསུམ་ཉིན་བར་དཔྱིད་ཀའི་མཆོད་འབུལ་ཆེན་མོ་སྤེལ་བཞིན་ཡོད། འཇར་པན་གྱི་དཔལ་འབྱོར་སླར་གསོའི་བློན་ཆེན་ཞིན་ཐིན་དབྱེ་ཞའོ་ཚེས་ཉེར་གཅིག་ཉིན་ཅིན་གོ་ལྷ་ཁང་དུ་སོང་ནས་མཇལ་ཕྱག་བྱས་པ་དང་། འཇར་པན་དམངས་གྲོས་ཁང་གི་གྲོས་དཔོན་ཨི་ཧི་ཧྥུའུ་ཀྲི་ལིང་དང་གྲོས་ཞུགས་ཁང་གི་གྲོས་དཔོན་ཝེ་ཧྲི་ཞིག་ཅིག་གཉིས་ཀྱིས་ཀྱང་ཅིན་གོ་ལྷ་ཁང་ལ་མཆོད་རྫས་ཕུལ།

ཅིན་གོ་ལྷ་ཁང་དེ་ཏུང་ཅིང་ཆན་ཏའེ་ཐེན་ས་ཁུལ་དུ་གནས་པ་དང་། ལྷ་ཁང་ནང་ཏུང་ཐའོ་དབྱིན་ཅི་འདུས་པའི་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཀྱི་འཐབ་འཁྲུག་ཉེས་ཅན་བཅུ་བཞི་མཆོད་འབུལ་བྱས་ཡོད། དུས་ཡུན་རིང་བོར་འཇར་པན་གྱི་ཆབ་སྲིད་མགོ་ཁྲིད་པ་དང་རྒྱལ་ཚོགས་ཀྱི་གྲོས་མི་སྐོར་ཞིག་གིས་ཅིན་གོ་ལྷ་ཁང་དུ་མཆོད་འབུལ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། འཇར་པན་རྒྱལ་ནང་གི་ཞི་བདེ་ལ་དགའ་བའི་མི་སྣ་མང་བོ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེར་ངོ་རྒོལ་དྲག་པོ་བྱེད་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།