ཉིས་སྟོང་ཉེར་བཞི་ལོའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་མགོ་ཁྲིད་པའི་མཐོ་རིམ་གླེང་སྟེགས་དང་འཛམ་གླིང་ཡོངས་ཀྱི་མཚམས་སྦྱོར་ཚོགས་འདུ་ཚེས་ཉེར་གཉིས་ཉིན་ཞང་ཀང་ནས་བསྡུས། ཐེངས་འདིའི་གླེང་སྟེགས་སྤེལ་བ་ལས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཕེ་རུ་ལོ་ཞེས་པའི་བྱ་འགུལ་དངོས་སུ་སྤེལ་མགོ་བརྩམས་པ་མཚོན་ཡོད།
ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་ཚོང་དོན་དང་དཔལ་འབྱོར་འཕེལ་རྒྱས་ཅུའུ་ཡི་ཅུའུ་ཀྲང་ཆིའུ་ཡུན་ཧྭ་ཡིས་ཉིན་དེར་མགོ་རྩོམ་པའི་མཛད་སྒོའི་སྟེང་བསྟན་དོན། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ནས་ཕྱོགས་སོ་སོས་གྲོས་མོལ་མཉམ་ལས་ལ་བརྟེན་ནས། སྒོ་འབྱེད་དང་གསོན་ཤུགས། བབ་བསྟུན། ཞི་བདེ་བཅས་ཀྱི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པའི་སྐུལ་མ་བཏང་ཡོད་ལ། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་་འབྲལ་ཐབས་མེད་པའི་ཁག་ཅིག་ཏུ་གྱུར་ཡོད། ཁོས་ཟླ་བཅུ་གཅིག་པར་ཕེ་རུའི་ལེ་མཱ་ནས་སྤེལ་རྒྱུ་ཡིན་པའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལ་རེ་སྒུག་བྱས་ཡོད་ཟེར།
ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཁྲུའུ་ཡི་ལག་བསྟར་ཀྲུའུ་རིན་ལོས་པེ་ཁཱ་མཱ་ལེ་ཡཱ་ཡིས་བསྟན་དོན། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་བཟོ་ཚོང་གི་མཐོང་ལམ་ལ་བརྟེན་པའི་དབང་གིས་རྒྱལ་སྤྱིའི་རྩ་འཛུགས་གཞན་པ་དང་ཅུང་མི་འདྲ་བའི་ཐུན་མིན་གྱི་རིན་ཐང་ལྡན་པ་ཡིན་ལ། དེ་བཟོ་ཚོང་ལས་རིགས་ཀྱི་སེམས་ཁུར་གཅིག་བསྡུས་བྱས་ནས། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་འཕར་སྣོན་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་ཟེར།
ཉིས་སྟོང་ཉེར་བཞི་ལོའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་མགོ་ཁྲིད་པའི་མཐོ་རིམ་ཚོགས་འདུའི་ལག་བསྟར་ཀྲུའུ་རིན་ལུའུ་ཞི་ཡཱ་ནོའུ་ཕཱ་ལོས་ཏི་སི་ཡིས་བརྗོད་དོན་གཏམ་བཤད་སྤེལ་སྐབས་བསྟན་དོན། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་འཕར་སྣོན་ཆེན་པོ་འབྱུང་བར་སྐུལ་འདེད་བཏང་ཡོད་ལ། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དཔལ་འབྱོར་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་སྒུལ་ཤུགས་དེའི་རྒྱབ་རྟེན་དུ་གྱུར་ཡོད་པ་དང་། རྒྱུན་མཐུད་ཀྱི་དར་རྒྱས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་ཟེར། ཁོས་ད་ལོའི་ཟླ་བཅུ་གཅིག་པར་སྤེལ་རྒྱུ་ཡིན་པའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་དེ་མཚམས་སྦྱོར་ཞིབ་མོ་བྱས་པར་མ་ཟད། ཕེ་རུ་ཡིས་ཉིས་སྟོང་བཅུ་དྲུག་ལོའི་རྗེས་སུ་ཡང་བསྐྱར་མཐོ་རིམ་གྲོས་ཚོགས་དེ་གཙོ་སྒྲུབ་བྱས་པ་ཡིན་པས་སྔར་ལས་ཇེ་བཟང་དུ་འགྲོ་བར་རེ་སྒུག་བྱས་ཡོད་པའི་ཚུལ་བསྟན་པར་མ་ཟད། ཚོགས་ཞུགས་སྐུ་མགྲོན་དག་གདན་ཞུ་བྱས།
ཉིས་སྟོང་ཉེར་བཞི་ལོའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཀྱི་ཀྲུའུ་ཞི། ཕེ་རུའི་སྔོན་ཆད་ཀྱི་ཙུང་ལི་ཧྥེ་ཨར་ནན་ཏའོ་སཱ་ཝ་ལཱ་ཡིས་བསྟན་དོན། མིག་སྔར་ཕེ་རུའི་དཔལ་འབྱོར་དེ་རྒྱུན་མཐུད་འཕར་སྣོན་གྱི་ཕྱོགས་སུ་གོམ་སྟབས་བརྟན་པོས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། དགོས་ངེས་ཀྱི་རང་དབང་ཉོ་ཚོང་གྲོས་ཆོད་ལ་བརྟེན་ནས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ནང་འདྲེས་པར་བྱེད་འདོད་ཡོད་ཟེར།
དེ་ནི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཀྱིས་ཐོག་དང་པོར་འཛམ་གླིང་ཡོངས་ཀྱི་མཚམས་སྦྱོར་ཚོགས་འདུ་སྤེལ་བ་ཡིན་ལ། དམིགས་ཡུལ་ནི་བཟོ་ཚོང་ལས་རིགས་ཀྱིས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་སྟེགས་བུའི་སྟེང་འབོད་སྐུལ་བཏང་ནས་ཟབ་ཞུགས་བྱེད་པར་རོགས་འདེགས་བྱེད་ཆེད་ཡིན། གླེང་སྟེགས་དང་ཉིས་སྟོང་ཉེར་བཞི་ལོའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་བློ་འདྲི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པ་དུས་མཉམ་དུ་སྤེལ་རྒྱུ་ཡིན་པ་དང་། སིང་ག་ཕོར་དང་ཕེ་རུ། ནེའུ་ཙེ་ལན་སོགས་ཀྱི་དཔལ་འབྱོར་ཚོགས་པ་ནས་ཡོང་བའི་འཐུས་མི་དག་གླེང་སྟེགས་གྲོས་མོལ་ལ་ཞུགས་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།