ཀྲུང་གུང་འཐུས་ཚབ་ཚོགས་པས་ཨུ་རུ་སི་དཀར་པོར་འཚམས་འདྲི་བྱས།
2024.04.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བཞི་བའི་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གསུམ་ཉིན་བར། ཨུ་རུ་སི་དཀར་པོའི་ཙུང་ཐུང་གཞུང་སྒྲུབ་ཐིན་གྱིས་གདན་དྲངས་པ་ལྟར། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་གཞོན་པ་ཁྲིན་ཀྲོའུ་ཡིས་ཀྲུང་གུང་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨུ་རུ་སི་དཀར་པོར་འཚམས་འདྲི་བྱས་པ་དང་། སོ་སོར་ཨུ་རུ་སི་དཀར་པོའི་རྒྱལ་དམངས་གྲོས་ཁང་འཐུས་མིའི་གླིང་གི་ཀྲུའུ་ཞི་ཞེ་ཨར་ཀའེ་ཡན་ཁི་དང་། ཙུང་ཐུང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་གཞོན་པ་དང་པོ་ལོས་རིན་ཁི་ཧྥུའུ་གཉིས་ལ་ཐུག་འཕྲད་བྱས་པ་དང་། ཨུ་རུ་སི་དཀར་པོའི་སྲིད་ཏང་གཙོ་བོའི་མགོ་ཁྲིད་པ་དང་ས་གནས་དང་རིག་མཛོད་ཀྱི་འགན་ཁུར་བ་སོགས་དང་བཞུགས་མོལ་བརྗེ་རེས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་གཏིང་ཟབ་ཏུ་སྒྲོག་འགྲེལ་བྱས་པ་དང་། ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་འབྲེལ་བ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཨུ་རུ་སི་དཀར་པོས་དུས་རབས་གསར་བའི་ཀྲུང་གོའི་འཕེལ་རྒྱས་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་དང་མཉམ་དུ་རྒྱལ་སྐྱོང་སྲིད་འཛིན་ཉམས་མྱོང་བརྗེ་རེས་ཟབ་མོ་བྱས་ནས། ཨུ་རུ་སི་དཀར་པོ་དང་ཀྲུང་གོའི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།