དབྱི་རག་དམག་དཔུང་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མགོ་བ་གཉིས་བསད།
2024.04.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་རག་དམག་ཕྱོགས་ཀྱིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། དབྱི་རག་དམག་ཕྱོགས་ཀྱིས་ཉིན་དེར་ཤར་ཕྱོགས་ཀྱི་ཏིས་ཡཱ་ལཱ་ཞིང་ཆེན་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མགོ་བ་གཉིས་བསད་ཟེར།

དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ནས། དབྱི་རག་མཁའ་དམག་གིས་ཏིས་ཡཱ་ལཱ་ཞིང་ཆེན་རི་ཁུལ་གྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་སྦས་སྐོང་བྱེད་ས་ཞིག་ལ་བར་སྣང་འཇབ་རྒོལ་བྱས་པ་དང་། ས་ངོས་སྔོག་བཤེར་དམག་དཔུང་གིས་དེའི་རྗེས་སུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མགོ་བ་གཉིས་བར་སྣང་འཇབ་རྒོལ་དེའི་ཁྲོད་རྐྱེནལམ་དུ་ཤོར་བ་བདེན་དཔང་བྱས། འགུལ་སྐྱོད་དེ་ལས་ད་རུང་མཚོན་ཆ་དང་སྒྲིག་ཆས་མང་བོ་གཞུང་བཞེས་བྱས་ཡོད།

དབྱི་རག་སྲིད་གཞུང་གིས་ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཉིས་པར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་ལ་རྒྱལ་ཁ་བླངས་པ་ཁྱབ་བསྒྲགས་བྱས། དེའི་རྗེས་སུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སྟོབས་ཤུགས་ལྷག་འཕྲོ་དེ་དབྱི་རག་གི་མཐའ་འཁོབ་ཞིང་སྡེ་ས་ཁུལ་དུ་འགྲོ་འདུག་བྱེད་པ་དང་། དུས་ངེས་མེད་དུ་འཇབ་རྒོལ་དོན་རྐྱེན་བཟོ་བཞིན་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།