ཐུར་ཁེ་ཡིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་དོགས་ཡོད་མི་སྣ་སྐོར་ཞིག་བཀག་འཇུག་བྱས།
2024.04.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་བཞི་ཉིན་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་དོགས་ཡོད་མི་བཅུ་གཅིག་བཀག་འཇུག་བྱས་པ་དང་། དེའི་ཞོར་དུ་ཅུའུ་ལོན་ལས་འགུལ་ལ་འབྲེལ་བ་ཡོད་པའི་དོགས་ཡོད་མི་སྣ་བཅུ་གསུམ་ཡང་བཀག་འཇུག་བྱས།

ཐུར་ཁེའི་ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་ཉེ་སྔོན་དབྱེ་ཙི་མུས་ཨར་གྱི་ས་གནས་བཅུ་གསུམ་ལ་སྔོག་བཤེར་བྱས་ནས། གཞི་གྲངས་རྒྱུ་ཆ་དང་ཁྲིམས་འགལ་དཔེ་ཆ་སྐོར་ཞིག་རྙེད་པ་དང་། ཚེས་ཉེར་བཞི་ཉིན་དབྱེ་ཙི་མུས་ཨར་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་དོགས་ཡོད་མི་སྣ་བཅུ་གཅིག་བཀག་འཇུག་བྱས་པ་རེད།

ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་ད་རུང་དབྱི་སི་ཐན་པོར་ནས་ཅུའུ་ལོན་ལས་འགུལ་ལ་འབྲེལ་བ་ཡོད་པའི་དོགས་ཡོད་མི་སྣ་བཅུ་གསུམ་བཀག་འཇུག་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།