དབྱི་སི་རལ་གྱི་སྤྱི་བའི་རྒྱང་སྒྲོག་ཀུང་ཟིས་ཚེས་ཉེར་ལྔ་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་ཕྱོགས་ཀྱིས་ཉིན་དེར་འཐབ་འཁྲུག་སྐབས་ཀྱི་ནེ་ཀིའི་གྲོས་ཚོགས་སྟེང་བསྟན་དོན། ལཱ་ཧྥ་ལ་ས་ངོས་ནས་འགུལ་སྐྱོད་སྤེལ་བའི་གྲ་སྒྲིག་བྱ་བ་ཡོངས་འགྲུབ་བྱས་ཡོད་ཟེར།
བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་ཧཱ་ལའེ་ཝེ་ཡིས་བསྟན་དོན། ལཱ་ཧྥ་ཡི་འཐབ་འཁྲུག་འཆར་གཞི་དེ་ཆབ་སྲིད་རིམ་པར་སྤྲད་ཡོད་ལ། དམག་ཕྱོགས་ལ་བཀའ་རྒྱ་འབྱོར་རྗེས་འགུལ་སྐྱོད་སྤེལ་ངེས་ཡིན་ཟེར།
དབྱི་སི་རལ་གྱི་བརྙན་འཕྲིན་འཕྲིན་ལམ་བཅུ་གཉིས་པས་ཚེས་ཉེར་ལྔ་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གི་ལཱ་ཧྥ་ཡི་ས་ངོས་འགུལ་སྐྱོད་དེ་དུས་རིམ་བཞིར་དགོས་ཡོད་ཟེར།
ཕཱ་ལེ་སི་ཐན་བརྙན་འཕྲིན་ཁང་གིས་ཚེས་ཉེར་ལྔ་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་ཉེར་བཞི་ཉིན་གྱི་དགོང་མོ་ནས་བཟུང་ལཱ་ཧྥ་ཡི་སྡོད་ཁང་མང་བོར་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་བརྒྱད་རྐྱེན་ལམ་དུ་ཤོར་ཡོད་ལ། འདས་པོའི་གྲས་སུ་གསར་འགོད་པ་གཅིག་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།