རྒྱ་གར་གྱི་མགྲོན་ཁང་ཞིག་ལ་མེ་སྐྱོན་བྱུང་ནས་ཉུང་མཐར་ཡང་མི་དྲུག་རྐྱེན་ལམ་དུ་ཤོར།
2024.04.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

རྒྱ་གར་གྱི་པུས་ཧཱ་ཨར་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་པཱ་ཐི་ནཱའི་མགྲོན་ཁང་ཞིག་ལ་ཚེས་ཉེར་ལྔ་ཉིན་མེ་སྐྱོན་བྱུང་སྟེ། ཉུང་མཐར་ཡང་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་སུམ་ཅུ་ལྷག་ལ་རྨས་ཕོག་ཡོད་ཟེར།

རྒྱ་གར་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། མེ་སྐྱོན་དེ་ནི་མགྲོན་ཁང་གི་གཡོས་སྦྱོར་ཁང་གི་གཤེར་གཟུགས་རླངས་སྣོད་འགས་གཏོར་ཐེབས་པ་ལས་བྱུང་བ་ཡིན་སྲིད་པ་དང་། མིག་སྔར་མེ་སྐྱོན་ལ་ཚོད་འཛིན་ཐེབས་ཡོད་ལ། མེ་གསོད་སྡེ་ཁག་གིས་མེ་སྐྱོན་བྱུང་བའི་ཐོག་ཁང་དེ་ལས་ཉུང་མཐར་ཡང་མི་བཞི་བཅུ་བསྐྱབས་ཡོད་ཟེར།

ཅཱ་ཨར་ཀི་ཏཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། མིག་སྔར་གནས་སྐབས་སུ་ཀྲུང་གོའི་སྤྱི་དམངས་ལ་ཐེངས་འདིའི་མེ་སྐྱོན་ཁྲོད་ཤི་རྨས་ཐེབས་པའི་སྙན་ཞུ་བསྒྲགས་མེད་ཟེར།

བསྒྲགས་པ་ལྟར་ན། མེ་སྐྱོན་བྱུང་བའི་མགྲོན་ཁང་དེ་མེ་འཁོར་ས་ཚིགས་སུ་ཉེ་བ་དང་། དེའི་ཉེ་འདབས་སུ་མི་མང་བོ་འདུས་ཡོད་ལ། མགྲོན་ཁང་དེའི་ཉེ་འདབས་སུ་བཞག་ཡོད་པའི་རླངས་འཁོར་མང་བོ་ཡང་མེར་འཚིག་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།