ཧྥ་རན་སི་དང་འཇར་པན་གྱིས་གྲོས་མཐུན་བཀོད་དེ་མཉམ་དུ་མ་འོངས་པའི་ཐན་ཁི་གསར་སྤེལ་བྱེད་རྒྱུ་རེད།
2024.04.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཧྥ་རན་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། ཧྥ་རན་སིའི་རྒྱལ་སྲུང་བློན་ཆེན་ལེ་ཁི་ཨར་ནེ་དང་འཚམས་འདྲིར་ཡོང་བའི་འཇར་མན་གྱི་རྒྱལ་སྲུང་བློན་ཆེན་ཕིས་སི་ཐའོ་ལི་ཝུའུ་སི་གཉིས་ཀྱིས་ཉིན་དེར་ཕཱ་རེ་སི་ནས་གྲོས་མཐུན་བཀོད་པ་དང་། རྒྱལ་ཁབ་གཉིས་ཀྱིས་མིས་བཟོས་རིག་ནུས་སོགས་མཐོ་གསར་ལག་རྩལ་ལྡན་པའི་ས་ངོས་ཀྱི་གཡུལ་འཐབ་མ་ལག་གཙོ་བོ་སྟེ་མ་འོངས་པའི་ཐན་ཁི་མཉམ་དུ་ཞིབ་འཇུག་གསར་སྤེལ་བྱེད་རྒྱུ་རེད།

ལེ་ཁི་ཨར་ནེ་ཡིས་སྨྱན་བྱད་ལ་བསྟན་དོན། ཉིས་སྟོང་བཞི་བཅུ་ལོའི་སྔོན་ལ་ཧྥ་རན་སི་དང་འཇར་མན་གྱིས་མཉམ་འབྲེལ་སྒོས་ས་ངོས་ཀྱི་གཡུལ་འཐབ་མ་ལག་གཙོ་བོ་བཟོས་ནས། སྐམ་སའི་གཡུལ་འཐབ་མཚོན་ཆའི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་དྲག་པོ་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།

ཧྥ་རན་སིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཞིབ་འཇུག་གསར་སྤེལ་བྱེད་པའི་བྱ་བ་དེར་འཇར་མན་གྱིས་སྣེ་ཁྲིད་བྱས་པ་དང་། མ་དངུལ་ནི་རྒྱལ་ཁབ་གཉིས་ཀྱིས་མཉམ་བགོ་བྱས་ཡོད། ས་ངོས་ཀྱི་གཡུལ་འཐབ་མ་ལག་གཙོ་བོ་ས་འཇར་མན་གྱི་གཟིག2རྟགས་ཅན་གྱི་ཐན་ཁི་དང་ཧྥ་རན་སིའི་ལེ་ཁི་ལའེ་ཨར་རྟགས་ཅན་གྱི་ཐན་ཁིའི་ཚབ་བྱེད་རྒྱུ་ཡིན་ལ། ཁྲབ་ལྡན་འགོག་སྲུང་ནུས་པ་ལྡན་པའི་འཐབ་འཛིང་རླངས་འཁོར་ཡིན་པར་མ་ཟད་སྐམ་སའི་གཡུལ་འཐབ་མ་ལག་ཅིག་སྟེ། ཐན་ཁི་དང་མི་བསྡད་མེད་པའི་གནམ་གྲུ། འཕུར་མདའ། གསོག་ཉར། མིས་བཟོས་རིག་ནུས་སོགས་གཅིག་འདུས་ཀྱི་ཕུང་བོ་ཞིག་ཡིན་ཟེར།

ཧྥ་རན་སིའི་བྲག་ཆའི་ཚགས་པར་གྱིས་བསྒྲགས་པ་ལྟར་ན། ཚེས་ཉེར་དྲུག་ཉིན་བཀོད་པའི་གྲོས་མཐུན་ལས་ཧྥ་རན་སི་དང་འཇར་མན་རྒྱལ་ཁབ་གཉིས་ཀྱིས་ཐན་ཁིའི་ཞིབ་འཇུག་གསར་སྤེལ་གྱི་ལས་གཞི་གཙོ་བོ་ཇི་ལྟར་བགོ་བཤའ་བྱེད་པ་གསལ་བོ་བྱས་ཡོད་པ་དང་། ཧྥ་རན་སི་ཡིས་ལས་གཞིའི་གསར་སྤེལ་གྱི་ཐོག་མའི་དུས་རིམ་ནང་ཡོ་སྒོར་དུང་ཕྱུར་ལྔ་གཏོང་བའི་འཆར་གཞི་ཡོད་པ་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།