མའོ་ཞི་ཁོའི་དབུས་ཕྱོགས་ས་ཁུལ་དུ་འགྲིམ་འགྲུལ་དོན་རྐྱེན་བྱུང་ནས་མི་བཅུ་བཞི་རྐྱེན་ལམ་དུ་ཤོར།
2024.04.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མའོ་ཞི་ཁོའི་དབུས་ཕྱོགས་ཀྱི་མའོ་ཞི་ཁོ་མངའ་སྡེའི་བདེ་འཇགས་སྡེ་ཁག་གིས་ཚེས28ཉིན་སྤྱི་སྒྲོག་སྤེལ་ཏེ། མངའ་སྡེ་དེ་ནས་འགྲུལ་སྐྱེལ་རླངས་འཁོར་ལོག་པའི་དོན་རྐྱེན་ཞིག་བྱུང་ནས། མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་སོ་གཅིག་ལ་རྨས་ཕོག་ཡོད་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། ཉིན་དེའི་སྔ་དྲོར། མའོ་ཞི་ཁོའི་དབུས་ཕྱོགས་ཀྱི་བཀའ་ནཱ་ཧྭ་ཐའོ་མངའ་སྡེ་ནས་ལམ་དུ་ཆས་ཤིང་། འགྲུལ་བ་གང་དྲུད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་མའོ་ཞི་ཁོ་མངའ་སྡེའི་མཱ་ལེ་ནཱ་ཨར་ཁི་གྲོང་ཁྱེར་ཉེ་འདབས་སུ་བགྲོད་སྐབས་ཁ་ལོ་བྱེད་ཐབས་བྲལ་ནས་ལོག་པ་དང་། མི་སྣར་ཤི་རྨས་ཚབས་ཆེན་བཟོས་པ་རེད། རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་མང་བོར་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར།

སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དོན་རྐྱེན་བྱུང་སའི་གནས་དེ་རི་ཁུལ་གྱི་ལམ་ཞིག་ཡིན་པ་དང་། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། དོན་རྐྱེན་དེའི་འབྱུང་རྐྱེན་ནི་མྱུར་ཚད་ལས་བརྒལ་བས་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།