ཁོ་ལོམ་པུ་ཡཱའི་དམག་བཀོལ་གྱེན་འཕུར་གནམ་གྲུ་ཞིག་ཚེས་ཉེར་དགུ་ཉིན་ཁོ་ལོམ་པུ་ཡཱའི་བྱང་ཕྱོགས་ཀྱི་པའོ་ལེ་ཝ་ཨར་ཞིང་ཆེན་ནས་སར་ལྷུང་སྟེ། གནམ་གྲུའི་སྟེང་གི་དམག་མི་དགུ་བོ་ཚང་མ་རྐྱེན་ལམ་དུ་ཤོར།
ཁོ་ལོམ་པུ་ཡཱའི་ཙུང་ཐུང་ཕའེ་ཐི་ལོ་ཡིས་དྲ་ཚིགས་བརྒྱུད་ནས་མྱ་ངན་ཞུས། ཁོས་བསྟན་དོན། གྱེན་འཕུར་གནམ་གྲུ་དེ་ནི་པའོ་ལེ་ཝ་ཨར་ཞིང་ཆེན་ལྷོ་ཕྱོགས་ས་ཁུལ་གྱི་སྲིད་གཞུང་དམག་དཔུང་ལ་རོགས་སྐྱོར་བྱེད་ཆེད་ཡིན་ལ། སྲིད་གཞུང་དམག་དཔུང་གིས་མཚོ་འགག་ཁྱིམ་རྒྱུད་ཅེས་པའི་དུག་རྫས་ལྐོག་འཚོང་རྩ་འཛུགས་ལ་དམིགས་པའི་འགུལ་སྐྱོད་སྤེལ་བཞིན་ཡོད་པ་རེད།
དམག་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། གྱེན་འཕུར་གནམ་གྲུ་དེས་མཁོ་སྒྲུབ་ལས་འགན་ཡོངས་འགྲུབ་བྱས་རྗེས། ཕྱིར་རྟེན་གཞིར་ལོག་པའི་ལམ་བར་ནས་པའོ་ལེ་ཝ་ཨར་ཞིང་ཆེན་གྱི་ཧྲིན་པའོ་ཧྲ་གྲོང་ཁྱེར་གྱི་ཞིང་སྡེ་ཞིག་ཏུ་ལྷུང་བ་རེད། ས་དེའི་སྡེ་དམངས་ཀྱིས་བཤད་རྒྱུར། ཁོ་ཚོས་ཉེན་སྐྱོབ་བྱེད་རྩིས་བྱས་ཀྱང་གནམ་གྲུའི་སྟེང་གི་མི་ཚང་མ་རྐྱེན་ལམ་དུ་ཤོར་ཡོད་ཟེར།
གནམ་གྲུ་དེ་སར་ལྷུང་བའི་རྒྱུ་རྐྱེན་ལ་ཞིབ་ཏུ་རྟོག་ཞིབ་བྱེད་དགོས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།