ཨེ་ཀྭ་ཏོར་གྱི་ཞིང་ཆེན་ལྔས་བྲེལ་མྱུར་དོགས་ཟོན་མཐོར་འདེགས་བྱས།
2024.05.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨེ་ཀྭ་ཏོར་གྱི་ཙུང་ཐུང་ནོའུ་བོ་ཡཱ་ཡིས་ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་སྲིད་འཛིན་བཀའ་རྒྱ་བཀོད་དེ། ཨེ་ཨར་ཨོ་ལོ་དང་བཀའ་ཡཱ་སི་སོགས་ཞིང་ཆེན་ལྔ་ཡིས་ཉིན་དྲུག་ཅུའི་རིང་བྲེལ་མྱུར་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཡིན་ཟེར། སྲིད་འཛིན་བཀའ་རྒྱ་ལས་བཤད་རྒྱུར། ཆོད་དོན་དེ་ནི་རྒྱལ་ནང་གི་དྲག་ཆས་འཁྲུག་རྩོད་མུ་མཐུད་དུ་བྱུང་བའི་གནས་ཚུལ་འོག་བཏོན་པ་ཡིན་ཟེར།

ད་ལོའི་ཟླ་དང་པོར། ཨེ་ཀྭ་ཏོར་དུ་བཙོན་ཁང་གི་ཟིང་འཁྲུག་དང་དྲག་ཆས་ཉེས་ཅན་བརྙན་འཕྲིན་ཁང་དུ་སོང་ནས་མི་གཏའ་བཙན་ཁྲིད་བྱས་པ་སོགས་ཀྱི་དོན་རྐྱེན་རབ་དང་རིམ་པ་བྱུང་། ནོའུ་བོ་ཡཱ་ཡིས་ཟླ་དང་པོའི་ཚེས་དགུ་ཉིན་སྲིད་འཛིན་བཀའ་རྒྱ་བཀོད་དེ། རྒྱལ་ནང་དྲག་ཆས་འཁྲུག་རྩོད་ཀྱི་རྣམ་པར་གནས་པ་ཁྱབ་བསྒྲགས་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།