སྐབས་གཉིས་པའི་ཀྲུང་གོ་དང་ཧྥ་རན་སིའི་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་གླེང་སྟེགས་སོགས་བྱེད་སྒོ་སྣ་ཚོགས་ཧྥ་རན་སིའི་ཕཱ་རེ་་སི་ནས་སྤེལ།
2024.05.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས་གཉིས་ཉིན་ནས་ཚེས་བཞི་ཉིན་བར། སྐབས་གཉིས་པའི་ཀྲུང་གོ་དང་ཧྥ་རན་སིའི་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་གླེང་སྟེགས་དང་། ཀྲུང་གོ་དང་ཧྥ་རན་སིའི་མི་གཞུང་མཉམ་ལས་འཕེལ་རྒྱས་གླེང་སྟེགས། དེ་མིན་ཀྲུང་གོ་དང་ཧྥ་རན་སིའི་དཔལ་ཡོན་བརྗེ་རེས་དཔེར་ལེན་གྱི་ཕྱིར་དྲན་དང་རྒྱང་བལྟ་ཞེས་པའི་རིགས་གཞུང་བགྲོ་གླེང་ཚོགས་འདུ་བཅས་ཧྥ་རན་སིའི་ཕཱ་རེ་སི་ནས་སྤེལ། ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དཔོན་རིགས་དང་། ཆེད་མཁས་པ་སོགས་ཀྱིས་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས་ཕྱོགས་མང་རིང་ལུགས་ཀྱི་མ་འོངས་པ་མཉམ་འཛུགས་བྱེད་པ་དང་། མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ནས་ཀྲུང་གོ་དང་ཧྥ་རན་སིའི་སྙིང་སྟོབས་དར་སྤེལ་བྱེད་པ། དཔལ་ཡོན་བརྗེ་རེས་ཀྱི་ལག་ལེན་དང་བདེན་དཔང་སོགས་གྲོས་གཞིར་དམིགས་ནས་བགྲོ་གླེང་བརྗེ་རེས་བྱས། ཚོགས་ཞུགས་འཐུས་མི་དག་གིས་བསྟན་དོན། ངེས་པ་དོན་གྱི་ཕྱོགས་མང་རིང་ལུགས་ལག་ལེན་བྱས་ཤིང་། དཔལ་ཡོན་དཔེར་ལེན་ལ་ཤུགས་སྣོན་པ་དང་། མི་གཞུང་བརྗེ་རེས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་ལྟ་ཚུལ་རྒྱ་བསྐྱེད་པ་དང་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།