པའོ་ཨོ་ཨེ་ཤ་ཡཱ་གླིང་སྟེགས་ཀྱི་ལེ་ཡཱ་ཏིའི་གྲོས་ཚོགས་ཚེས་དྲུག་ཉིན་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས་བསྡུས། ཚོགས་ཆེན་གྱི་བརྗོད་སྙིང་དེ་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་འོག་གི་ནུས་ཁུངས་སྤོར་བསྒྱུར་གཙོར་བཟུང་ཡོད།
པའོ་ཨོ་ཨེ་ཤ་ཡཱ་གླིང་སྟེགས་ཀྱི་ལས་འཛིན་པ་ཕན་ཅི་ཝུན་གྱིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བསྟན་དོན། རྡོ་སྣུམ་ཐོན་ཁུངས་ཕུན་སུམ་ཚོགས་པའི་དབུས་ཤར་ས་ཁུལ་གྱིས་སྣེ་ཁྲིད་ནས་ལྷད་མེད་གྲོས་འདོན་ལ་སྐུལ་འདེད་གཏོང་བཞིན་ཡོད། ཐེངས་འདིའི་ལེ་ཡཱ་ཏིའི་གྲོས་ཚོགས་ཀྱིས་ཀྱང་ཨ་སེ་པེད་ཅང་གིས་སྤེལ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་བཀོད་པའི་ཕྱོགས་ཁག་གི་གྲོས་ཚོགས་ཐེངས་ཉེར་དགུ་བར་གྲ་སྒྲིག་བྱེད་དགོས།
སོ་ཏི་ཨ་རབ་ཀྱི་ནུས་ཁུངས་བློན་ཆེན་པིན་སཱ་ལེ་མན་གྱིས་མཛད་སྒོའི་སྟེང་གཏམ་བཤད་སྤེལ་ཏེ། ནུས་ཁུངས་སྤོར་བསྒྱུར་དེ་སོ་ཏི་ཨ་རབ་ལ་མཚོན་ན་དགོས་གལ་ཧ་ཅང་ཆེ་བ་དང་། མ་འོངས་པར་འཛམ་གླིང་ཡོངས་ཀྱི་རྡོ་སྣུམ་མཁོ་འདོན་ཇེ་ཉུང་དུ་འགྲོ་བ་དང་། རྡོ་སྣུམ་ནུས་ཁུངས་ཀྱི་བེད་སྤྱོད་ཇེ་ཉུང་དུ་སོང་ནས། སོ་ཏི་ཨ་རབ་ཀྱི་ཡང་བསྐྱར་བེད་སྤྱོད་བྱེད་ཆོག་པའི་ནུས་ཁུངས་ཀྱི་གློག་འདོན་སོགས་ཁྱབ་ཁོངས་གཙོར་བཟུང་།
ཨ་ཆི་ཙི་ཡིས་བསྟན་དོན། དུས་ཡུན་རིང་བོར་སོ་ཏི་ཨ་རབ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ནུས་ཁུངས་ཁྱབ་ཁོངས་ནས་ལག་རྡང་སྦྲེལ་ནས་ཕུན་སུམ་ཚོགས་པའི་གྲུབ་འབྲས་ཐོབ་ཡོད། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་དེ་སྲོལ་རྒྱུན་གྱི་རྡོ་སྣུམ་ཁྱབ་ཁོངས་ཁོ་ནར་ཚད་བཀག་བྱེད་མི་རུང་ལ། ཀྲུང་གོ་ནི་སོ་ཏི་ཨ་རབ་ཀྱི་ནུས་ཁུངས་སྤོར་བསྒྱུར་གྱི་མཉམ་ལས་གྲོགས་པོ་གལ་ཆེན་ཡིན་པ་དང་། སོ་ཏི་ཨ་རབ་ཀྱིས་ཀྲུང་གོའི་བར་ལག་རྡང་སྦྲེལ་ནས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། འཛམ་གླིང་ཡོངས་དང་མིའི་རིགས་ཡོངས་ཀྱི་འཕེལ་རྒྱས་ཐད་བྱས་རྗེས་འཇོག་དགོས་ཟེར།
པའོ་ཨོ་ཨེ་ཤ་ཡཱ་གླེང་སྟེགས་ཀྱི་ལས་འཛིན། སོ་ཏི་ཨ་རབ་ཀྱི་རྨང་གཞིའི་བཟོ་ལས་ཀུང་ཟིའི་དབུ་བཞུགས་ལག་བསྟར་དཔོན་པོ་ཧྥ་ཅི་ཡིས་བསྟན་དོན། རྫས་འགྱུར་བཟོ་ལས་ལས་རིགས་ཀྱིས་ནུས་ཁུངས་སྤོར་བསྒྱུར་ཁྲོད་དུ་གོ་གནས་གལ་ཆེན་ཟིན་ཡོད་པ་དང་། མཉམ་ལས་ལ་བརྟེན་ནས་ང་ཚོས་རྒྱུན་མཐུད་འཕེལ་རྒྱས་འཚོལ་ཞིབ་བྱེད་དགོས་ལ། དེའི་ནང་ནུས་ཁུངས་སྤོར་བསྒྱུར་གྱི་ཐག་གཅོད་ཇུས་གཞི་སོགས་འདུས།
ཐེངས་འདིའི་པའོ་ཨོ་ཨེ་ཤ་ཡཱ་གླིང་སྟེགས་ཀྱི་ལེ་ཡཱ་ཏིའི་གྲོས་ཚོགས་ཀྱི་ཚོགས་ཡུན་ཉིན་གཅིག་ཡིན་པ་དང་། སོ་ཏི་ཨ་རབ་དང་ཀྲུང་གོ། འཛམ་གླིང་ཡོངས་ནས་ཡོང་བའི་ཆབ་སྲིད་མགོ་ཁྲིད་པ་དང་མཁས་པ། ཁེ་ལས་པ། ལས་རིགས་ཀྱི་མགོ་ཁྲིད་པ་སོགས་མི་བརྒྱ་དང་བརྒྱད་ཅུ་ལྷག་གིས་མཉམ་དུ་ནུས་ཁུངས་སྤོར་བསྒྱུར་དང་ནུས་ཁུངས་གྲོན་ཆུང་གི་འབྲེལ་ཡོད་གླེང་གཞིར་གྲོས་བསྡུར་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།