དབྱི་སི་རལ་གྱིས་དམག་དཔུང་གིས་ལ་ཧྥ་ལ་འབར་མདེལ་དབྱུག་ནས་མི་ཉི་ཤུ་རྐྱེན་ལམ་དུ་ཤོར།
2024.05.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཕ་ལེ་སི་ཐན་འཕྲིན་གཏོང་གིང་ཚེས་བདུན་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་སི་རལ་དམག་དཔུང་གིས་ཉིན་དེའི་ཞོགས་པ་ནས་བཟུང་ཅཱ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་གྲོང་ཁྱེར་ལཱ་ཧྥ་རུ་གཅིག་བསྡུས་འགས་གཏོར་ནས་མིག་སྔར་ཉུར་མཐར་ཡང་མི་ཉི་ཤུ་རྐྱེན་ལམ་དུ་ཤོར།

བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་སི་རལ་དམག་དཔུང་གིས་ཉུང་མཐར་ཡང་ལཱ་ཧྥ་གྲོང་ཁྱེར་གྱི་སྡོད་ཁུལ་བཞི་ལ་བར་སྣང་འཇབ་རྒོལ་བྱས། དེ་ལས་གཞན། དབྱི་སི་རལ་ས་ངོས་དམག་དཔུང་གིས་ལཱ་ཧྥ་གྲུ་ཁའི་མཐའ་འཁོར་དུ་འཇབ་རྒོལ་བྱས་ནས། མིག་སྔར་གྲུ་ཁ་དེའི་ཅཱ་ཧྲ་ས་ཁུལ་གྱི་གཞོགས་གཅིག་འཛིན་བཟུང་བྱས།

དེ་ལས་གཞན་ཅཱ་ཧྲ་ས་ཁུལ་གྱི་མི་ཞིག་གིས་ཞིན་ཧྭ་་གསར་འགྱུར་ཁང་གི་གསར་འགོད་པར་བཤད་པ་ལྟར་ན། དབྱི་སི་རལ་དམག་དཔུང་གིས་ཉིན་དེར་ལཱ་ཧྥ་གྲུ་ཁའི་མཐའ་འཁོར་ས་ཁུལ་དུ་ཕ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་དང་འཁྲུག་རྩོད་དྲག་པོ་བྱས་པ་དང་། ཡུལ་དངོས་ནས་མེ་མདའི་སྒྲ་དང་འགས་གཏོར་གྱི་སྒྲ་གོ་ཐུབ་ཟེར།