ཨ་མེ་རི་ཁའི་དཔོན་ཕྱོགས་ཀྱིས་ཚེས་བརྒྱད་ཉིན་བཤད་རྒྱུར། ཨ་མེ་རི་ཁའི་སྲིད་གཞུང་གིས་དབྱི་སི་རལ་ཕྱོགས་ལ་འདོན་སྤྲོད་བྱེད་པའི་དམག་དོན་རོགས་སྐྱོར་གནས་སྐབས་སུ་མཚམས་བཞག་པ་རེད། རྒྱུ་མཚན་ནི་ཨ་མེ་རི་ཁ་ཕྱོགས་ཀྱིས་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ལཱ་ཧྥ་རུ་དམག་དོན་འགུལ་སྐྱོད་སྤེལ་ན་མང་ཚོགས་མང་པོར་ཤི་རྨས་བཟོ་སྲིད་པར་སེམས་ཁུར་བྱེད་ཀྱིན་པས་རེད།
ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་ཨོ་སི་ཏེན་གྱིས་ཉིན་དེར་ཨ་མེ་རི་ཁའི་གྲོས་ཞུགས་ཁང་ནས་རྒྱལ་སྲུང་པུའུ་ཡི2025ལོའི་ནོར་སྲིད་སྔོན་རྩིས་ཀྱི་སྙན་ཞུ་འབུལ་སྐབས་བསྟན་དོན། ཟུར་ལྔའི་ཐོག་ཁང་ཆེན་མོས་མུ་མཐུད་དུ་དབྱི་སི་རལ་གྱིས་འགོག་སྲུང་བྱེད་པའི་ཐད་མཁོ་བའི་མཚོན་ཆར་འགན་སྲུང་བྱེད་ངེས། ཡིན་ཡང་མིག་སྔར་ལཱ་ཧྥའི་གནས་བབ་ཀྱི་འཕེལ་རྒྱས་ལ་དམིགས་ནས་ཡར་སྔོན་འཆར་གཞི་བཀོད་ནས་དབྱི་སི་རལ་ཕྱོགས་ལ་འདོན་སྤྲོད་བྱེད་པའི་དམག་དོན་རོགས་སྐྱོར་སྐོར་ཞིག་ལ་ཡང་བསྐྱར་ཞིབ་བཤེར་བྱ་དགོས་ཟེར།
ཨོ་སི་ཏེན་གྱིས་བཤད་རྒྱུར། རྒྱལ་སྲུང་པུའུ་ཡིས་མིག་སྔར་གྲོས་ཐག་བཅད་མེད་ནའང་། ཡར་སྔོན་འཆར་གཞི་བཀོད་ནས་དབྱི་སི་རལ་ཕྱོགས་ལ་འདོན་སྤྲོད་བྱེད་པའི་དམག་དོན་རོགས་སྐྱོར་སྐོར་ཞིག་ལ་ཡང་བསྐྱར་ཞིབ་བཤེར་བྱ་དགོས།
ཨ་མེ་རི་ཁའི་སྨྱན་སྦྱོར་གྱིས་བསྒྲགས་པ་ལྟར་ན། སྐོར་ཐེངས་འདིའི་དབྱི་སི་རལ་ལ་རོགས་སྐྱོར་བྱེད་པའི་མཚོན་ཆ་གནས་སྐབས་སུ་སྐྱེལ་འཚམས་འཇོག་རྒྱུ་དེ་གཟའ་སྔོན་མར་ཐག་བཅད་པ་རེད། སྐོར་ཐེངས་འདིའི་རོགས་སྐྱོར་མཚོན་ཆའི་ཁྲོད་དུ་སྤྱི་རྒྱ་དགུ་བརྒྱ་ཅན་གྱི་འགད་རྫས་ཆིག་སྟོང་བརྒྱད་བརྒྱ་དང་། སྤྱི་རྒྱ་ཉིས་བརྒྱ་ཉེར་ལྔ་ཅན་གྱི་འགད་རྫས་སོགས་འདུས་ཡོད།