དབྱི་སི་རལ་གྱི་དམག་དཔུང་གིས་ལཱ་ཧྥ་ས་ཁུལ་ནས་ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་སུམ་ཅུ་བསད།
2024.05.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཚེས་བརྒྱད་ཉིན་འཐབ་འཁྲུག་གནས་ཚུལ་བསྒྲགས་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་ཤར་ངོས་སུ་བསྟུད་མར་དམིགས་སའི་རང་བཞིན་ལྡན་པའི་ཆམ་ཕབ་བྱ་འགུལ་སྤེལ་བ་དང་། མིག་སྔར་དམིགས་བསལ་གྱི་དམིགས་འབེན་བརྒྱ་ཙམ་ལ་བར་སྣང་འཇབ་རྒོལ་བྱས་ཏེ། ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་སུམ་ཅུ་ཙམ་བསད་ཡོད་ཟེར།

ཅཱ་ཧྲ་ས་ཁུལ་གྱི་མཐའ་མཚམས་ས་ཁུལ་དུ་ཡོད་པའི་ཕཱ་ལེ་སི་ཐན་གྱི་དྲག་ཆས་རྩ་འཛུགས་ཀྱི་རྨང་གཞིའི་སྒྲིག་ཆས་ལ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཆམ་ཕབ་བཏང་། ཆམ་ཕབ་གཏོང་བའི་བྱ་འགུལ་དེ་དག་ནི་མཁའ་དམག་གི་འཐབ་འཛིང་གནམ་གྲུ་དང་ས་ངོས་དམག་དཔུང་གིས་མཉམ་ལས་གང་ལེགས་བྱས་ནས་ཡོངས་འགྲུབ་བྱས་པ་ཡིན་ཟེར།

དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་སྤེལ་བའི་འཐབ་འཁྲུག་གི་གནས་ཚུལ་གཞན་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ས་ཁུལ་གཞན་པ་འཐབ་འཁྲུག་མུ་མཐུད་དུ་སྤེལ་བཞིན་ཡོད། ཅཱ་ཧྲའི་བྱང་ཕྱོགས་ཀྱི་ཅཱ་ཧྲའི་མཁར་ནས། དབྱི་སི་རལ་གྱི་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་མཚོ་དམག་དམག་དཔུང་གི་བཀོད་འདོམ་དཔོན་པོ་ཨ་ལི་བསད་ཟེར། སྤྱི་སྒྲོག་ལས་བཤད་རྒྱུར། འདས་པའི་ལོ་འགའི་རིང་ལ། ཨ་ལི་ཡིས་ནམ་རྒྱུན་ཧཱ་མཱ་སིའི་མཚོ་དམག་གི་ཅཱ་ཧྲ་ས་ཁུལ་གྱི་འགུལ་སྐྱོད་ལ་དོ་དམ་བྱེད་བཞིན་ཡོད། ན་ནིང་ཟླ་བཅུ་བའི་ཚེས་བདུན་ཉིན་སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་སྐོར་ཐེངས་གསར་བའི་འཁྲུག་རྩོད་བྱུང་རྗེས། ཨ་ལི་དབྱི་སི་རལ་གྱི་མངའ་ཁོངས་དང་ཅཱ་ཧྲ་ས་ཁུལ་དུ་འཐབ་འཁྲུག་བྱེད་པའི་དབྱི་སི་རལ་གྱི་དམག་དཔུང་ལ་འཇབ་རྒོལ་བྱེད་པར་འཆར་འགོད་བྱེད་པའི་བྱ་བར་ཞུགས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།