ཨུ་རུ་སི་དཀར་པོས་ཚེས་དགུ་ཉིན་འདུ་ཚོགས་དང་མེ་ཏོག་འབུལ་བ་སོགས་ཀྱི་བྱ་འགུལ་སྣ་ཚོགས་སྤེལ་ནས། རྒྱལ་སྲུང་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་དོན་དགུ་འགོར་བར་རྗེས་དྲན་བྱས།
ཨུ་རུ་སི་དཀར་པོའི་ལས་རིགས་སོ་སོའི་འཐུས་མིས་ཉིན་དེའི་དགོང་མོར་རྒྱལ་ས་མེན་སི་ཁིའི་རྒྱལ་ཁའི་ཐང་ཆེན་ནས་འདུ་ཚོགས་བསྡུས་པ་དང་། རྒྱལ་ཁའི་རྗེས་དྲན་རྡོ་རིང་ལ་མེ་ཏོག་ཕུལ་ཏེ། རྒྱལ་སྲུང་འཐབ་འཁྲུག་ཁྲོད་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོར་རྗེས་དྲན་བྱས།
ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཉིན་དེར་ཨུ་རུ་སིའི་དམར་ཐང་གི་དམག་གཟིགས་མཛད་སྒོར་ཞུགས་རྗེས་ཕྱིར་མེན་སི་ཁི་རུ་ལོག་ནས་ཉིན་དེའི་དགོང་མོའི་འདུ་ཚོགས་ལ་ཞུགས་པ་རེད། ཁོས་འདུ་ཚོགས་སྟེང་གཏམ་བཤད་སྤེལ་ཏེ། ཨུ་རུ་སི་དཀར་པོའི་མི་དམངས་ཀྱིས་སྔོན་གཤེགས་དཔའ་བོར་རྗེས་དྲན་པྱེད་པ་དང་། དུས་གཏན་དུ་སྔོན་གཤེགས་དཔའ་བོའི་མིང་དང་སྲུང་སྐྱོབ་མཁན་དང་བཅིངས་འགྲོལ་མཁན་གྱི་གཟི་བརྗིད་དེ་ཡིད་ལ་འཛིན་ངེས་ཡིན་ཟེར།
རྒྱལ་སྲུང་འཐབ་འཁྲུག་གི་མེ་མདའ་ཐོག་མ་གྲགས་སའི་པུའུ་ལེ་སི་ཐི་དང་ཨུ་རུ་སི་དཀར་པོའི་གྲོང་ཁྱེར་གཞན་པས་ཀྱང་འདུ་ཚོགས་དང་མེ་ཏོག་འབུལ་བ་སོགས་ཀྱི་རྗེས་དྲན་བྱ་འགུལ་སྤེལ།
གཅིག་སྟོང་དགུ་བརྒྱ་ཞེ་གཅིག་ལོའི་ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན། འཇར་མན་གྱི་ཧྥ་ཞི་སིའི་དམག་དཔུང་གིས་ཨུ་རུ་སི་དཀར་པོའི་པུའུ་ལེ་སི་ཐི་འགག་སྒོར་དཔུང་འཇུག་བྱས་ནས། སུའུ་ལེན་གྱི་རྒྱལ་སྲུང་འཐབ་འཁྲུག་མགོ་བརྩམས་པ་རརེད། གཅིག་སྟོང་དགུ་བརྒྱ་ཞེ་ལྔ་ལོའི་ཟླ་ལྔ་བའི་ཚེས་བརྒྱད་ཉིན་གྱི་ནམ་གུང་། ཧྥ་ཞི་སི་འཇར་མན་གྱིས་པའོ་ལིན་ཉེ་འདབས་ཀྱི་ཁཱ་ཨར་སི་ཧའོ་སི་ཐི་ནས་ཆ་རྐྱེན་ཅི་ཡང་མེད་པར་མགོ་སྒུར་བའི་ཡི་གེ་དངོས་སུ་བཀོད། དུས་དེ་པའོ་ལོན་གྱི་ཤར་ངོས་སུ་ཡོད་པའི་སུའུ་ལེན་ས་ཁུལ་དུ་ཟླ་ལྔ་བའི་ཚེས་དགུ་ཉིན་གྱི་ཞོགས་པ་ཡིན་པ་རེད། སུའུ་ལེན་གྱིས་ཟླ་ལྔ་བའི་ཚེས་དགུ་ཉིན་དེ་རྒྱལ་སྲུང་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་པའི་ཉིན་མོར་གཏན་འཁེལ་བྱས་པ་རེད། ད་ལྟ་རྒྱལ་སྲུང་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་པའི་ཉིན་མོ་ནི་ཨུ་རུ་སི་དང་ཨུ་རུ་སི་དཀར་པོ་སོགས་རྒྱལ་ཁབ་ཀྱི་ཆེས་གཟབ་རྒྱས་ཆེ་བའི་དུས་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།