ཕུའུ་ཅིན་གྱིས་མུས་ཧྲུའུ་སི་ཅིན་ཨུ་རུ་སིའི་སྐབས་གསར་པའི་སྲིད་གཞུང་གི་ཙུང་ལིར་མིང་བཏོན།
2024.05.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཚེས10ཉིན་ཨུ་རུ་སིའི་གྲོས་ཁང་ཞོལ་མའི་ཀྲུའུ་ཞི་ཝོ་ལའོ་ཅིན་གྱིས་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་ཡི་གེ་སྤེལ་ནས། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་གྲོས་ཁང་ཞོལ་མར་ད་ལྟའི་ཙུང་ལི་མུའུ་ཧྲུའུ་སི་ཅིན་སྐབས་གསར་པའི་སྲིད་གཞུང་གི་ཙུང་ལིར་མིང་བཏོན་ཞེས་བཤད།

ཨུ་རུ་སིའི་རྩ་ཁྲིམས་ཀྱི་གཏན་འབེབས་ལྟར་ན།    མིང་འདོན་པར་གྲོས་ཁང་ཞོལ་མས་གྲོས་ཞིབ་དང་ཆོག་མཆན་འགོད་དགོས།    ཟླ5པའི་ཚེས10ཉིན། ཨུ་རུ་སིའི་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན།    ཚེས7ཉིན་ཕུའུ་ཅིན་གྱིས་སྐབས་གསར་པའི་ཨུ་རུ་སིའི་ཙུང་ཐུང་གི་འགན་འཁུར་རྗེས། ཨུ་རུ་སིའི་སྐབས་སྔོན་མའི་སྲིད་གཞུང་གིས་འབྲེལ་ཡོད་གོ་རིམ་གཞིར་བཟུང་ནས་ལས་ཁུར་དགོངས་ཞུ་བྱས་པ་དང་། མུས་ཧྲུའུ་སི་ཅིན་གྱིས་ཙུང་ལིའི་ལས་ཚབ་ཀྱི་ཐོབ་ཐང་ཐོག་ནས་སྲིད་གཞུང་གསར་པ་དངོས་སུ་མ་བཙུགས་གོང་འགན་འཁྲི་དང་ལེན་བྱས་ཡོད།     སྐབས་གསར་པའི་སྲིད་གཞུང་གི་ཙུང་ལིའི་འོས་མིར་ཚེས10ཉིན་གྲོས་ཁང་ཞོལ་མའི་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས།

ད་ལོ་ལོ58ལ་སླེབས་པའི་མུས་ཧྲུའུ་སི་ཅིན་གྱིས2020ལོའི་ཟླ1ནས་བཟུང་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ཙུང་ལིའི་འགན་འཁུར་ཡོད།

ཤ་བོ་རིན་མཚོས་བསྒྱུར།