ཕོ་ལན་སྲིད་གཞུང་གིས་ཡོ་རོབ་གླིང་གྲོས་ཁང་གི་འདེམས་བསྐོའི་སྔོན་ལ་ལས་ཁུངས་ཁ་ཤས་བསྐྱར་སྒྲིག་བྱས།
2024.05.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཕོ་ལན་གྱི་ཙུང་ལི་ཐའོ་ཟི་ཁུ་ཡིས་ཚེས10ཉིན་སྲིད་གཞུང་གི་ལས་ཁུངས་ཁ་ཤས་བསྐྱར་སྒྲིག་བྱས་པ་ཁྱབ་བསྒྲགས་བྱས་པ་དང་། པུའུ་ཀྲང་བཞི་ལས་གནས་ནས་ཕྱིར་བུད་དེ་ད་ལོའི་ཟླ་དྲུག་པའི་ཡོ་རོབ་གླིང་གྲོས་ཁང་གི་འདེམས་བསྐོ་ལ་ཞུགས་པར་གྲ་སྒྲིག་བྱེད་བཞིན་ཡོད་ཟེར།

ཐའོ་ཟི་ཁུ་ཡིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་མི་དོན་བསྐོ་འཐེན་གསར་པ་ཁྱབ་བསྒྲགས་བྱས།  ཐེངས་འདིའི་བཅོས་སྒྲིག་དེ་ཡོ་རོབ་གླིང་གྲོས་ཁང་གི་འདེམས་བསྐོ་ལ་ཞུགས་པའི་འདེམ་སྒུག་མི་སྣ་བཞིར་འབྲེལ་ཞིང་། དེའི་ནང་དུ་ནང་སྲིད་པུའུ་ཀྲང་དང་། རྒྱལ་དབང་རྒྱུ་ནོར་པུའུ་ཀྲང་།  རིག་གནས་དང་མི་རིགས་ཤུལ་བཞག་པུའུ་ཀྲང་། འཕེལ་རྒྱས་དང་ཚན་རྩལ་པུའུ་ཀྲང་བཅས་པུའུ་ཀྲང་བཞི་འདུས།  པུའུ་ཀྲང་གསར་པའི་འགན་བཞེས་མཛད་སྒོ་དེ་ཚེས་བཅུ་གསུམ་ཉིན་ཙུང་ཐུང་བཞུགས་ཤག་ནས་སྤེལ་རྒྱུ་རེད།

ན་ནིང་གི་ཟླ10པའི་ཚེས15ཉིན་སྤེལ་བའི་ཕོ་ལན་གྲོས་ཁང་གི་འདེམས་བསྐོའི་ཁྲོད། ཐའོ་ཟི་ཁུ་ཡིས་འགོ་ཁྲིད་པའི་ངོ་རྒོལ་མནའ་འབྲེལ་ལ་གྲོས་ཁང་འོག་མའི་གོ་གནས་བཞི་བརྒྱ་དྲུག་བཅུའི་ཁྲོད་ཀྱི་གོ་གནས་ཉིས་བརྒྱ་ཞེ་བརྒྱད་ཐོབ་པར་མ་ཟད་མཇུག་མཐར་ནང་སྲིད་ལས་ཁུངས་སྒྲིག་འཛུགས་བྱས།  ལོ་དེའི་ཟླ12པའི་ཚེས13ཉིན། ཐའོ་ཁུ་ཟིས་ཙུང་ལིའི་འགན་ཁུར་བའི་ཕོ་ལན་གྱི་སྐབས་གསར་པའི་སྲིད་གཞུང་གིས་འགན་བཞེས་པའི་དམ་བཅའ་བཞག

ལྷ་མོ་འཚོས་བསྒྱུར།