ཨ་ཧྥུའུ་ཧན་གྱི་ས་གནས་དཔོན་པོ་ཞིག་གིས་ཚེས10ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་བྱང་རྒྱུད་པ་ཀི་ལན་ཞིང་ཆེན་དུ་ཉིན་དེར་དྲག་ཆར་བབས་ནས་ཆུ་ལོག་རྒྱས་ཏེ། ཉུང་མཐར་ཡང་མི་ལྔ་བཅུ་རྐྱེན་ལམ་དུ་ཤོར།
པ་ཀི་ལན་ཞིང་ཆེན་གནོད་འཚེ་དོ་དམ་སྡེ་ཁག་གི་འགན་ཁུར་མི་སྣ་ཧི་ཏ་ཡ་ཐུའུ་ལ.ཧྭ་མུའུ་ཏ་ཨེར་ཏི་ཡིས་བཤད་རྒྱུར། ཆུ་ལོག་གཙོ་བོར་ཞིང་ཆེན་དེའི་ལྟེ་གནས་ཕུའུ་ལི་ཧུའུ་མུའུ་ལིས་གྲོང་ཁྱེར་དང་པ་ཨེར་ཁ་ས་ཁུལ། ན་ཧི་ལེན་ས་ཁུལ་སོགས་ལ་བརྒྱུགས་པ་དང་། མིག་སྔར། མྱུར་སྐྱོབ་མི་སྣས་སྔར་བཞིན་དུ་གནོད་ཐེབས་ཡུལ་དངོས་སུ་མྱུར་སྐྱོབ་བྱེད་བཞིན་པའི་སྒང་རེད།
དེ་ལས་གཞན་པ་ས་དེའི་སྨྱན་བྱད་གྱིས་བསྒྲགས་པ་ལྟར་ན། ཨ་ཧྥུའུ་ན་བྱང་རྒྱུད་ཀྱི་པ་ཏ་ཧི་ཧྲང་ཞིང་ཆེན་དང་ཐ་ཧར་ཞིང་ཆེན། ས་མན་ཀན་ཞིང་ཆེན་སོགས་ལ་ཡང་ཚེས་བཅུ་ཉིན་ཆ་ལོག་བརྒྱུགས་ནས། མི་སྣར་ཤི་རྨས་བྱུང་བ་དང་རྒྱུ་ནོར་ལ་གྱོང་གུན་ཐེབས་ཡོད་ཟེར།
ཟླ་གསུམ་པའི་ཟླ་མཇུག་གི་ཚུན་དུ། ཨ་ཧྥུའུ་ཧན་གྱི་ས་ཁུལ་མང་ཆེ་ཤས་ལ་ཆར་བ་ཆེན་པོ་བབས་ནས། ཆུ་ལོག་རྒྱས་པ་དང་རི་ཉིལ་བ་སོགས་ཀྱི་གནས་ཚུལ་བྱུང་བ་དང་། མིག་སྔར་ཨ་ཧྥུའུ་ཧན་མངའ་ཁོངས་ནང་གི་མི་བརྒྱ་དང་བཞི་བཅུ་ལྷག་རྐྱེན་ལམ་དུ་ཤོར།
རིན་ཆེན་མཚོས་བསྒྱུར།