ཟླ5པའི་ཚེས8ཉིན་ནས་ཚེས11ཉིན་བར། ཕེ་རིའི་མི་དམངས་སྟོབས་ཤུགས་ཏང་གིས་གདན་ཞུ་བྱས་པ་ལྟར། ཀྲུང་དབྱང་མཉམ་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ཁྲིན་ཀྲུའུ་ཡིས་ཀྲུང་གུང་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཕེ་རིར་འཚམས་འདྲི་བྱས་ཤིང་། སོ་སོར་ཕེ་རིའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་སའོ་ཐའོ་དང་། མི་དམངས་སྟོབས་ཤུགས་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་གཞོན་པ་ཐའོ་ལེ་སི། མི་རིགས་རིང་ལུགས་ཏང་གི་ཀྲུའུ་ཞི་ཝུའུ་མཱ་ལ་སོགས་དང་ཐུག་འཕྲག་བྱས་ལ། ཕེ་རིའི་རིག་མཛོད་ཁང་གི་འགན་ཁུར་མི་སྣ་དང་བཞུགས་མོལ་བརྗེ་རེས་བྱས་ཏེ། དུས་རབས་གསར་བའི་ཚུན་ལ་ཀྲུང་གོས་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཛུགས་སྐྲུན་ཐད་ནས་བླངས་པའི་གྲུབ་འབྲས་གལ་ཆེན་གཏིང་ཟབ་སྒོས་མཚམས་སྦྱོར་བྱས་པ་དང་། ཕེ་རིའི་སྲིད་ཏང་བར་གྱི་བརྗེ་རེས་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་བསམ་ཚུལ་བརྗེ་རེས་བྱས།
ཕེ་རི་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་འཛམ་གླིང་གི་དོན་སྙིང་ལ་གདེང་འཇོག་ཚད་མཐོན་པོ་བྱེད་ཀྱིན་ཡོད་ལ། ཀྲུང་གོས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པར་ཡིད་སྨོན་བྱེད་བཞིན་ཡོད། ཀྲུང་གུང་བར་ཕན་ཚུན་དཔེ་ལྟ་དང་བརྗེ་རེས་བྱས་ཏེ། ཕེ་རི་དང་ཀྲུང་གོའི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུར་འཐད་པ་ཡིན་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།