ཨ་ཧྥེ་རི་ཁ་ལྷོ་མའི་འཛུགས་སྐྲུན་བྱེད་བཞིན་པའི་ཁང་བ་ཞིག་བརྡིབས་པའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས་བཅུ་དྲུག་ལ་འཕར།
2024.05.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་གཞུང་གི་གནས་ཚུལ་སྤེལ་བར་གཞིགས་ན། ཚེས12ཉིན་གྱི་སྔ་དྲོར། ཟླ་འདིའི་ཚེས6ཉིན་ཨ་ཧྥེ་རི་ཁ་ལྷོ་མའི་ཁའེ་ཕུའུ་ནུབ་མའི་ཞིང་ཆེན་ཆའོ་ཀྲི་གྲོང་ཁྱེར་གྱི་འཛུགས་སྐྲུན་བྱེད་བཞིན་པའི་ཁང་བ་ཞིག་བརྡིབས་པའི་དོན་རྐྱེན་ཁྲོད་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་སོ་དྲུག་གར་སོང་རྙེད་མེད།

གཏན་འཁེལ་བྱས་པ་བརྒྱུད། དོན་རྐྱེན་བྱུང་སའི་ཡུལ་དངོས་སུ་ཨར་ལས་ལས་བཟོ་མི་སྣ་བཅོ་བརྒྱད་ཡོད་པ་དང་། དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་ལ་ད་དུང་རྟོག་ཞིབ་བྱེད་བཞིན་པའི་སྒང་ཡིན། ཆའོ་ཀྲི་གྲོང་ཁྱེར་སྲིང་གཞུང་གིས་ཚེས12ཉིན་གྱི་སྔ་དྲོར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ས་གནས་དེ་གའི་དུས་ཚོད་ཚེས12ཉིན་གྱི་སྔ་དྲོའི་དུས་ཚོད9བར་དུ། ཆུ་ཚོད་བརྒྱ་དང་སོ་དགུ་ལ་འཚོལ་སྐྱོབ་བྱས་པ་དང་། བསྡོམས་པས་མི་ཞེ་ལྔ་རྙེད་པ་ལས་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་བཞི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ལ། མི་སོ་དྲུག་གར་སོང་རྙེད་མེད།

གཞན་ཡང་ཆའོ་ཀྲི་གྲོང་ཁྱེར་སྲིང་གཞུང་གིས་ཚེས11ཉིན་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། ལོ32ཡིན་པའི་འཛུགས་སྐྲུན་ལས་བཟོ་པཅ་པུའུ་ལིས་ཨེའར་ཀུའུ་ཨན་པའེ་ཆུ་ཚོད་བརྒྱ་དང་བཅོ་བརྒྱད་ལ་ཞིག་རོའི་འོག་ཏུ་མནན་རྗེས་བསྐྱབས་པ་དང་། མིག་སྔར་སྨན་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་ལ། ལུས་ཕུང་གི་གནས་ཚུལ་བཟང་བ་རེད།

ཆའོ་ཀྲི་གྲོང་ཁྱེར་ནི་ཨ་ཧྥེ་རི་ཁ་ལྷོ་མའི་ཁྲིམས་འཛུགས་རྒྱལ་ས་ཁའེ་ཕུའུ་ཏུན་ཤར་ཕྱོགས་ཀྱི་སྤྱི་ལེ་བཞི་བརྒྱའི་མཚམས་ཀྱི་མཚོ་འགྲམ་གྲོང་ཁྱེར་ཞིག་ཡིན་པ་རེད།

ཤ་བོ་གསེར་མཚོས་བསྒྱུར།