མོ་ཞི་ཁོ་ལྷོ་ཕྱོགས་ཀྱི་མཚོ་ཁུངས་སུ་ཚད་རིམ་དྲུག་ཚེག་གཉིས་ཀྱི་ས་ཡོམ་བྱུང་།
2024.05.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

མོ་ཞི་ཁོ་རྒྱལ་ཁབ་ས་ཡོམ་ཅུའུ་ཡིས་ཚེས་བཅུ་གཉིས་ཉིན་གནས་ཚུལ་སྤེལ་ནས་བཤད་རྒྱུར། མོ་ཞི་ཁོ་རྒྱལ་ཁབ་ལྷོ་ཕྱོགས་ཀྱི་ཆཱ་ཕའེ་སི་མངའ་སྡེའི་ཉེ་འགྲམ་གྱི་མཚོ་ཁོངས་སུ་ཉིན་དེར་ཚད་རིམ་དྲུག་ཚེག་གཉིས་ཀྱི་ས་ཡོམ་བྱུང་ཟེར། མིག་སྔར་མི་སྣར་ཤི་རྨས་ཐེབས་པ་དང་རྒྱུ་ནོར་གྱོང་གུན་བྱུང་བའི་སྙན་ཞུ་བསྒྲགས་མེད།

མོ་ཞི་ཁོ་རྒྱལ་ཁབ་ས་ཡོམ་ཅུའུ་ཡི་དཔོན་ཕྱོགས་དྲ་ཚིགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ས་ཡོམ་དེ་ས་དེའི་ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་མ་སོ་དགུའི་སྟེང་བྱུང་ཞིང་། ས་ཡོམ་ལྟེ་བ་ནི་ཆཱ་ཕའེ་སི་མངའ་སྡེའི་དབྱི་ཏ་ཨར་ཀི་གྲོང་ཁྱེར་ལྷོ་ནུབ་ནས་སྤྱི་ལེ་དོན་དྲུག་མཚམས་ཀྱི་མཚོ་ཁོངས་ཡིན་པ་དང་། ཡོམ་ཁོངས་ཀྱི་གཏིང་ཚད་ལ་སྤྱི་ལེ་བཅུ་ཡོད། ས་གནས་མང་ཚོགས་ཀྱིས་སྤྱི་ཚོགས་སྨྱན་སྦྱོར་སྟེང་བཤད་པ་ལྟར་ན། ཆཱ་ཕའེ་སི་མངའ་སྡེའི་གྲོང་ཁྱེར་ཁ་ཤས་ནས་ཡོམ་ཚོར་ཐུབ་ཟེར།

མོ་ཞི་ཁོ་དེ་ཞི་བདེ་རྒྱ་མཚོ་ཆེན་མོའི་མཐའ་སྐོར་ས་ཡོམ་ས་ཁུལ་གྱི་ཤར་ཕྱོགས་དང་། ཞི་བདེ་རྒྱ་མཚོ། མེ་གླིང་བྱང་མ། ཅཱ་ལི་པིས་སོགས་ཀྱི་འདྲེས་མཚམས་སུ་གནས་ཡོད། ས་ཁོངས་དེ་ནི་འཛམ་གླིང་ཧྲིལ་བོའི་ས་ཡོམ་མང་སའི་གནས་གཙོ་བོའི་གྲས་ཀྱི་གཅིག་རེད།

རིག་འཛིན་སྒྲོལ་མས་བསྒྱུར།