ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས་བཅུ་གཉིས་ཉིན་གནས་ཚུལ་སྤེལ་ནས་བཤད་རྒྱུར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཙུང་ཐུང་བཀའ་ཁྱབ་སྟེང་མིང་བཀོད་དེ། རྒྱལ་སྲུང་པུའུ་ཀྲང་ཟུར་པ་ཧྲའོ་དབྱི་ཀུའུ་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་གྲོས་ཚོགས་ཀྱི་དྲུང་ཡིག་ལ་བསྐོས།
ཉིན་དེར་ཕུའུ་ཅིན་གྱིས་ཙུང་ཐུང་བཀའ་ཁྱབ་སྟེང་མིང་བཀོད་ནས་ཕེ་ཐི་ལུའུ་ཧྲི་ཧྥུའུ་ཡི་བདེ་འཇགས་གྲོས་ཚོགས་ཀྱི་དྲུང་ཡིག་གི་འགན་བླངས་པ་དང་ཁོས་ལས་འགན་གཞན་པ་སྤྲོད་རྒྱུ་རེད།
གཞན་ཡང་ཨུ་རུ་སིའི་གྲོས་ཁང་གོང་མས་ཚེས་བཅུ་གཉིས་ཉིན་གྱི་དགོང་མོར་སྤྱི་ཚོགས་སྨྱན་སྦྱོར་སྟེང་གནས་ཚུལ་ཁྱབ་བསྒྲགས་བྱས་པ་ལྟར་ན། ཕུའུ་ཅིན་གྱིས་ཉིན་དེར་ཨུ་རུ་སིའི་གྲོས་ཁང་གོང་མར་སྐབས་གསར་བའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣའི་འདེམས་མིའི་མིང་ཐོ་སྤྲད་པ་རེད། དེའི་ཁྲོད་དུ། ཕུའུ་ཅིན་གྱིས་དེའི་སྔོན་ཙུང་ལི་གཞོན་པ་དང་པོའི་འགན་ཁུར་བའི་པའེ་ལོ་ཝུའུ་སོ་ཧྥུའུ་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཀྲང་ལ་བསྐོ་འཇོག་བྱས་ཤིང་། ལ་ཧྥུའུ་ལོ་ཧྥུའུ་ཡི་ཕྱི་འབྲེལ་པུའུ་ཀྲང་གི་གོ་གནས་དང་། ནཱ་ལེ་ཧྲི་ཅིན་གྱི་ཕྱི་ཕྱོགས་གསང་འཕྲིན་ཅུའུ་ཡི་ཅུའུ་ཀྲང་གི་གོ་གནས། ཁུའུ་ལེན་ཁི་ཧྥུའུ་ཡི་བྲེལ་མྱུར་གནས་ཚུལ་པུའུ་ཀྲང་གི་གོ་གནས། ཁི་ལོ་ཁི་ལིས་ཚའེ་ཧྥུའུ་ཡི་ནང་སྲིད་པུའུ་ཀྲང་གི་གོ་གནས། ཚོས་ཆིན་ཁི་ཡི་ཁྲིམས་འཛིན་པུའུ་ཀྲང་གི་གོ་གནས། ཧྥུའུ་ཨར་ཐི་ཉིས་ཁི་ཧྥུའུ་ཡི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡི་ཅུའུ་ཀྲང་གི་གོ་གནས་བཅས་སོར་འཇོག་བྱས་ཡོད།
ཐཱ་སི་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་གྲོས་ཁང་གོང་མས་གཟའ་འཁོར་གཅིག་གི་དུས་ཚོད་ནང་འབྲེལ་ཡོད་མིང་འདོན་ལ་གྲོས་ཞིབ་བྱས་རྗེས་ཕུའུ་ཅིན་ལ་གྲོས་ཞིབ་མཇུག་འབྲས་ཀྱི་སྙན་ཞུ་འབུལ་དགོས།
ཕུའུ་ཅིན་གྱིས་ཚེས་བདུན་ཉིན་ཁི་ལིས་མུའུ་ལིན་ཕོ་བྲང་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། ཐེངས་ལྔ་པའི་ཙུང་ཐུང་གི་འགན་ཡུན་མགོ་བརྩམས་པ་རེད། ཚེས་བཅུ་ཉིན་ཕུའུ་ཅིན་གྱིས་མཱིས་ཧྲུའུ་སི་ཅིན་སྐབས་གསར་བའི་སྲིད་གཞུང་གི་ཙུང་ལི་ལ་བསྐོ་འཇོག་བྱས་པ་རེད། ཚེས་བཅུ་གཅིག་ཉིན་ཕུའུ་ཅིན་གྱིས་བཀའ་ཁྱབ་སྟེང་མིང་བཀོད་དེ། མཱིས་ཧྲུའུ་སི་ཅིན་གྱིས་སྤྲད་པའི་སྲིད་གཞུང་སྒྲོམ་གཞིའི་ཇུས་གཞི་གསར་བར་ཆོག་མཆན་བཀོད། བཅའ་ཁྲིམས་གཏན་འབེབས་ལྟར་ན། མཱིས་ཧྲུའུ་སི་ཅིན་གྱིས་དེར་མཐུད་ཨུ་རུ་སིའི་གྲོས་ཁང་ཞོལ་མར་འབྲེལ་ཡོད་སྲིད་གཞུང་གསར་བའི་པུའུ་ཀྲང་གི་འདེམ་མིའི་ཇུས་གཞི་སྤྲོད་དགོས་ཤིང་། གྲོས་ཁང་ཞོལ་མས་ཆོག་མཆན་ཐོབ་རྗེས་ཨུ་རུ་སིའི་ཙུང་ཐུང་གིས་དངོས་སུ་བསྐོ་འཇོག་བྱེད་དགོས། དེའི་ནང་རྒྱལ་སྲུང་པུའུ་དང་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ། ནང་སྲིད་པུའུ། ཁྲིམས་འཛིན་པུའུ། བྲེལ་མྱུར་གནས་ཚུལ་པུའུ་དང་ཕྱི་འབྲེལ་པུའུ་སོགས་ཀྱི་འགན་ཁུར་མི་སྣ་ཙུང་ཐུང་གིས་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཚོགས་དང་གྲོས་མོལ་བྱས་རྗེས་བསྐོ་འཇོག་བྱེད་དགོས།
རིག་འཛིན་སྒྲོལ་མས་བསྒྱུར།