ཟླ5པའི་ཚེས12ཉིན་ནས་ཚེས13ཉིན་བར་། ཡའོ་ནན་གུང་ཁྲན་ཏང་གི་གདན་ཞུས་ལྟར་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་ལས་རོགས་པ་ཀྲའོ་ཧྲི་ཐུང་གིས་ཀྲུང་གུང་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཡའོ་ནན་ལ་འཚམས་འདྲི་བྱས། དེའི་སྐབས་སུ་ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་གི་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་ལི་ཧོའེ་ཀྲུང་དང་ཐུག་འཕྲད་བྱས་པ་དང་། ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་དྲིལ་བསྒྲགས་སློབ་གསོ་པུའུ་དང་ཀྲུང་དབྱང་གི་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་འགན་འཁུར་བ་དང་བྱ་བའི་གྲོས་མོལ་གནང་།
ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཡའོ་ནན་གྱི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་མཉམ་དུ་དོ་ཁུར་བྱེད་པའི་གནད་དོན་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་པ་དང་། ཏང་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་བར་གྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་མཉམ་དུ་ལག་ལེན་དོན་འཁྱོལ་དང་། ཏང་བར་གྱི་འགྲོ་འོང་གཏིང་ཟབ་ཏུ་གཏོང་བ། འཐབ་ཇུས་འབྲེལ་གཏུག་དང་བརྗེ་རེས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ། དམངས་ཁྲོད་མཛའ་གྲོགས་ཀྱི་རྨང་གཞི་བརྟན་པོ་འཛུགས་པ། ལག་གདང་སྦྲེལ་ནས་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཡའོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་དགོས་པར་ངོས་འཛིན་གཅིག་མཐུན་བྱུང་།
ཤ་བོ་གསེར་མཚོས་བསྒྱུར།