སིང་ག་ཕོར་གྱི་ཙུང་ལི་བཞུགས་ཤག་གི་དྲ་ཚིགས་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། སིང་ག་ཕོར་གྱི་ཙུང་ལི་ལིས་ཞན་ལུང་ཚེས13ཉིན་ཙུང་ཐུང་བཞུགས་ཤག་ཏུ་སོང་ནས་ཙུང་ཐུང་ཧྲང་ཏ་མན་ལ་ཁོ་དང་སྲིད་གཞུང་ཧྲིལ་པོའི་ལས་ཁུར་དགོངས་ཞུ་ཡི་གེ་སྤྲད། ཙུང་ལིའི་འདེམ་མི་ཧོང་ཞོན་ཚའེ་ཡིས་ཙུང་ཐུང་གི་གདན་ཞུ་དང་ལེན་བྱས་ནས་སྲིད་གཞུང་འཛུགས་རྒྱུ་ཡིན་པ་དང་། ད་ལྟའི་ཚོང་དོན་བཟོ་ལས་པུའུ་ཀྲང་ཡན་ཅིན་ཡུང་ཙུང་ལི་གཞོན་པར་བསྐོ་འཇོག་བྱ་རྒྱུ་མ་ཟད། ཙུང་ལི་གཞོན་པ་གཞན་ཞིག་ཝང་རུའེ་ཅེ་ཡིས་མུ་མཐུད་དུ་འགན་འཁུར་རྒྱུ་ཡིན་པ་རེད།
གནས་ཚུལ་སྤེལ་བར་གཞིགས་ན། ཧྲང་ཏ་མན་གྱིས་ཙུང་ལི་དང་སྲིད་གཞུང་གི་ལས་ཁུར་དགོངས་ཞུ་དང་ལེན་བྱས་པ་དང་། དགོངས་ཞུ་ཡི་གེ་ཚེས15ཉིན་ནས་ནུས་ལྡན་དུ་འགྱུར་སྲིད། ཙུང་ལི་གསར་པས་ནང་བློན་ཁང་གསར་བའི་སྣེ་ཁྲིད་དེ་ཉིན་དེར་དམ་བཅའ་བཞག་ཏེ་འགན་འཁུར་རྒྱུ་རེད།
ནང་བློན་ཁང་གསར་པའི་མིང་ཐོ་ལ་གཞིགས་ན། ཧོང་ཞོན་ཚའེ་ཡིས་ཙུང་ལིའི་འགན་འཁུར་རྗེས་ནོར་སྲིད་པུའུ་ལ་མུ་མཐུད་དུ་དོ་དམ་བྱ་རྒྱུ་དང་། ཡན་ཅིན་ཡུང་ཙུང་ལི་གཞོན་པར་གོ་གནས་འཕར་རྗེས་ད་དུང་ཚོང་དོན་བཟོ་ལས་པུའུ་ལ་མུ་མཐུད་དུ་དོ་དམ་བྱ་རྒྱུ་མ་ཟད། ཧོང་ཞོན་ཚའེ་ཡི་ཚབ་བྱས་ནས་སིང་ཀ་ཕོར་དངུལ་རྩ་དོ་དམ་ཅུའུ་ཡི་ཀྲུའུ་ཞིའི་འགན་འཁུར་རྒྱུ་དང་། ནང་བློན་ཁང་གི་པུའུ་ཀྲང་གཞན་དག་གི་གོ་གནས་ལ་འགྱུར་བ་མེད།
ཤ་བོ་གསེར་མཚོས་བསྒྱུར།