ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས14ཉིན་གྱི་དགོང་མོར་བཀའ་རྒྱ་བཀོད་དེ། སྐབས་གསར་བའི་སྲིད་གཞུང་གི་ཁོངས་མི་དང་སྡེ་ཁག་སོ་སོའི་འགན་ཁུར་མི་སྣའི་མིང་ཐོར་ཆོག་མཆན་བཀོད།
ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས14ཉིན་གྱི་དགོང་མོར་སྤེལ་བའི་གནས་ཚུལ་ལྟར་ན། སྐབས་གསར་བའི་སྲིད་གཞུང་ལ་ཙུང་ལི་ལས་གཞན་ཙུང་ལི་གཞོན་པ་བཅུ་དང་པུའུ་ཀྲང་ཉེར་གཅིག་ཡོད། དེའི་ནང་ཏན་ནེ་སི་མན་ཐུའུ་ལོ་ཧྥུ་ཡིས་ཙུང་ལི་གཞོན་པ་དང་པོའི་འགན་ཁུར་བ་དང་། ཏི་མུས་ཐི་ལི་ཀི་ལི་ཀི་ལེན་ཁི་ཡིས་ཙུང་ལི་གཞོན་པའམ་ཨུ་རུ་སིའི་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་གྱི་འགན་ཁུར། ཡུག་ལི་ཐི་ལུའུ་ཐི་ནེ་ཧྥུའུ་ཡིས་ཙུང་ལི་གཞོན་པའམ་ཨུ་རུ་སིའི་ཙུང་ཐུང་གི་ཡོན་ཏུང་མཉམ་འབྲེལ་ས་ཁུལ་གྱི་སྐུ་ཚབ་འཐུས་མིའི་འགན་ཁུར། ཨན་ཏི་ལེ་པེ་ལོ་ཝུའུ་སོ་ཧྥུའུ་ཡིས་རྒྱལ་སྲུང་པུའུ་ཀྲང་གི་འགན་ཁུར། ཞའེ་ཨར་ཀའེ་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཕྱི་འབྲེལ་བློན་ཆེན་གྱི་འགན་ཁུར། ཧྥེ་ལཱ་ཅི་མུས་ཨར་ཁི་ལོ་ཁི་ལེ་ཚེ་ཧྥུའུ་ཡིས་བྲེལ་མྱུར་གནས་ཚུལ་པུའུ་ཀྲང་གི་འགན་ཁུར། ཡཱ་ལེ་ཧྲན་ཏཱ་ཁུའུ་ལེན་ཁི་ཧྥུའུ་ཡིས་བྲེལ་མྱུར་གནས་ཚུལ་པུའུ་ཀྲང་གི་འགན་ཁུར། ཁང་སིང་ཐན་ཏེན་ཚོས་ཆིན་ཁི་ཡིས་ཁྲིམས་འཛིན་པུའུ་ཀྲང་གི་འགན་ཁུར། མཱ་ཁི་ཞི་མུའུ་ལེ་ཧྲི་ཐི་ནེ་ཁི་ཧྥུའུ་ཡིས་དཔལ་འབྱོར་འཕེལ་རྒྱས་པུའུ་ཀྲང་གི་འགན་ཁུར། ཨན་ཏུང་ཞི་ལུའུ་ཨན་ནོའུ་ཧྥུའུ་ཡིས་ནོར་སྲིད་པུའུ་ཀྲང་གི་འགན་ཁུར།
དེ་ལས་གཞན་ཕུའུ་ཅིན་གྱིས་ཉིན་དེར་བཀོད་པའི་བཀའ་རྒྱའི་ཁྲོད་ཞའེ་ཨར་ཀའེ་ནཱ་ལོས་ཧྲི་ཅིན་གྱིས་ཕྱི་ཕྱོགས་གསང་འཕྲིན་ཅུའུ་ཡི་ཅུའུ་ཀྲང་གི་འགན་ཁུར་བ་དང་། ཡཱ་ལེ་ཧྲན་ཏཱ་པའོ་ཨར་ཐི་ནེ་ཁི་ཧྥུའུ་ཡིས་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡི་ཅུའུ་ཀྲང་གི་འགན་ཁུར་ཡོད།
ཨུ་རུ་སིའི་བཅའ་ཁྲིམས་གཏན་འཁེལ་ལྟར་ན། ཕྱི་འབྲེལ་པུའུ་དང་རྒྱལ་སྲུང་པུའུ། ནང་སྲིད་པུའུ། བྲེལ་མྱུར་གནས་ཚུལ་པུའུ། ཁྲིམས་འཛིན་པུའུ་བཅས་སྡེ་ཁག་ལྔར་ཙུང་ཐུང་གིས་ཐད་ཀར་དུ་མགོ་ཁྲིད་བྱེད་དགོས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།