ཀྲུང་གུང་འཐུས་ཚབ་ཚོགས་པས་ཁུ་པར་འཚམས་འདྲི་བྱས།
2024.05.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ5པའི་ཚེས11ནས་ཚེས14ཉིན་བར། ཁུ་པའི་གུང་ཁྲན་ཏང་གིས་གདན་དྲངས་པ་ལྟར་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་གཞོན་པ་ཁྲིན་ཀྲོའུ་ཡིས་ཀྲུང་གུང་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཁུ་པར་འཚམས་འདྲི་བྱས་པ་དང་། ཁུ་པའི་གུང་ཁྲན་ཏང་ཀྲུང་དབྱང་གི་ཧྲུའུ་ཅི་དང་པོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི་ཁ་ན་ཨར་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་ཧྲུའུ་ཅི་མོ་ལཱ་ལའེ་སི་བཅས་དང་ཐུག་འཕྲད་བྱས། རྒྱལ་སྤྱིའི་འབྲེལ་བ་པུའུ་ཡི་པུའུ་ཀྲང་ལའོ་ས་ཏ་དང་བྱ་བའི་གྲོས་མོལ་བྱས་པ་དང་། འབྲུ་རིགས་དང་ཞིང་ལས་པུའུ་དང་། སྤྱི་ཚོགས་ལས་དོན་པུའུ། རིག་གནས་པུའུ་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་བཞུགས་མོལ་བྱས་ནས། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པར་ངོས་འཛིན་གཅིག་མཐུན་བྱས་ནས། ཏང་གཉིས་ཀྱི་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་བཏང་བ་དང་། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བའི་བསམ་འཆར་བརྗེ་རེས་ལ་སྐུལ་འདེད་བྱས།

ཁུ་པ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡག་པོ་བྱས་ནས། ཁུ་པ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པའི་སྒྲིག་གཞི་མཉམ་དུ་འཛུགས་འདོད་ཡོད་ཅེས་བསྟན།

ཤ་བོ་རིན་མཚོས་བསྒྱུར།