སི་ལོ་ཧྥ་ཁིའི་གསར་འགྱུར་ཁང་གིས་ཚེས15ཉིན་སྤེལ་བའི་གནས་ཚུལ་ལྟར་ན། སི་ལོ་ཧྥ་ཁིའི་ཙུང་ལི་ཧྥེ་ཙོ་ལ་ཉིན་དེར་རྒྱལ་ཁབ་དེའི་ཐི་ལུན་ཆིན་ས་ཁུལ་དུ་མེ་མདས་བརྒྱབ་ནས་རྨས་ཕོག་ཟེར།
བསྒྲགས་པའི་གནས་ཚུལ་ལྟར་ན། ཧྥེ་ཙོ་ཡིས་ཐི་ལུན་ཆིན་ས་ཁུལ་དུ་སྲིད་གཞུང་གི་ཚོགས་འདུ་ཞིག་བསྡུས་རྗེས་མེ་མདའ་ཕོག་པ་དང་། མེ་མདས་རྒྱག་མཁན་གྱིས་ཁོ་ལ་མེ་མདས་ཐེངས་མང་བརྒྱབ་པ་རེད། ཧྥེ་ཙོ་དེའི་རྗེས་སུ་སྨན་ཁང་དུ་བསྐྱལ་བ་དང་། ཤེས་རྟོགས་བྱུང་བ་ལྟར་ན་ཚེ་སྲོག་ལ་ཉེན་ཁ་ཡོད་པ་རེད། མེ་མདས་རྒྱག་མཁན་ནི་སྐྱེས་པ་ཞིག་ཡིན་པ་དང་ཁོ་འཛིན་བཟུང་བྱས་ཡོད།
དོན་རྐྱེན་བྱུང་རྗེས་སི་ལོ་ཧྥ་ཁིའི་ཙུང་ཐུང་ཆ་ཕུའུ་ཐའོ་ཝ་ཡིས་ད་ཐེངས་ཀྱི་འཇབ་རྒོལ་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། ཧྥེ་ཙོ་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུས།
ཤ་བོ་གསེར་མཚོས་བསྒྱུར།