ཕེ་རུའི་ལྷོ་རྒྱུད་མཚོ་འགྲམ་ས་ཁུལ་དུ་ཚེས་བཅུ་དྲུག་ཉིན་ཚད་རིམ་ལྔ་དང་གྲངས་ཆུང་དྲུག་གི་ས་ཡོམ་བྱུང་བ་དང་། མིག་སྔར་མིར་རྨས་སྐྱོན་དང་ཡང་ན་རྒྱུ་ནོར་ལ་གྱོང་གུན་ཐེབས་པའི་སྙན་ཞུ་བསྒྲགས་མེད།
ཕེ་རུ་སའི་གོ་ལའི་དངོས་ལུགས་ཞིབ་འཇུག་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ས་ཡོམ་ས་དེའི་དུས་ཚོད་ཚེས་བཅུ་དྲུག་ཉིན་གྱི་ནམ་གུང་གི་དུས་ཚོད་བཅུ་གཉིས་དང་སྐར་མ་བཅུ་གསུམ་སྟེང་བྱུང་བ་དང་། ཡོམ་ལྟེ་ཕེ་རུའི་ལྷོ་རྒྱུད་ཀྱི་དབྱི་ཁ་ཞིང་ཆེན་དབྱི་ཀ་གྲོང་ཁྱེར་ནུབ་ལྷོའི་སྤྱི་ལེ་དོན་བརྒྱད་མཚམས་ཀྱིས་མཚོ་ཁོངས་སུ་ཡོད་ལ། ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ་ཉེར་གཅིག་རེད། མཚོ་ཁོངས་དེ་རུ་ཐེངས་འདིའི་ས་ཡོམ་བྱུང་བའི་སྔ་གཞུག་གི་དུས་ཚོད་གཅིག་ནང་ཚད་རིམ་བཞིའི་ཡན་གྱི་ས་ཡོམ་ཐེངས་གསུམ་ལ་བྱུང་།
ཕེ་རུའི་ཨན་ཏེ་སི་འཕྲིན་གཏོང་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་ཁ་ཞིང་ཆེན་གྱི་ས་ཆ་མང་པོ་རུ་ཡོམ་ཚོར་དྲག་པོ་ཡོད་ལ། ཕེ་རུའི་རྒྱལ་ས་ལིས་མའི་ཁུལ་ཁོངས་ཁ་ཤས་དང་དབྱི་ཁ་ཞིང་ཆེན་གྱི་མཐའ་འཁོར་ས་ཁུལ་དུ་ཡོམ་ཚོར་ཅུང་ཚམ་ཡོད། ཕེ་རུའི་དམངས་སྲུང་སྡེ་ཁག་གིས་སྡོད་དམངས་ལྷོད་བརླིང་སྒོས་བྲེལ་མྱུར་བདེ་འཇགས་ཐོན་སྒོ་གཏན་ཁེལ་བྱས་ནས་དོན་རྐྱེན་འབྱུང་བ་སྔོན་འགོག་བྱེད་རྒྱུའི་འབོད་སྐུལ་བཏང་།
རིན་ཆེན་མཚོས་བསྒྱུར།