ཨུ་རུ་སིས་དབྱིན་ཇིའི་ཕྱི་འབྲེལ་དཔོན་པོ་ཞིག་མཐར་སྐྲོད་གཏོང་རྒྱུ་ཁྱབ་བསྒྲགས་བྱས།
2024.05.17 ཁུངས། ཀློག་གྲངས། 30

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས16ཉིན། ཨུ་རུ་སིས་དབྱིན་ཇིའི་ཨུ་རུ་སིར་སྡོད་པའི་གཞུང་ཚབ་ཁང་གི་རྒྱལ་སྲུང་དྲག་ཆས་དཔོན་པོ་ཞིག་མཐར་སྐྲོད་གཏོང་རྒྱུའི་ཐག་གཅོད་དྲིལ་སྒྲོག་བྱས་ནས། ཉེ་སྔོན་དབྱིན་ཇིས་ཨུ་རུ་སིའི་དབྱིན་ཇི་རུ་སྡོད་པའི་རྒྱལ་སྲུང་དྲག་ཆས་དཔོན་པོ་ཞིག་ཕྱིར་སྐྲོད་གཏོང་བའི་མཛའ་མཐུན་མིན་པའི་གཏན་ཁེལ་ལ་ཕྱིར་ལན་སྤྲད།

ཨུ་རུ་སིའི་ཕྱི་འབྲེལ་དྲ་ཚིགས་ཀྱིས་ཚེས16ཉིན་གནས་ཚུལ་བསྒྲགས་ནས་བཤད་རྒྱུར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་དབྱིན་ཇིའི་ཨུ་རུ་སིར་སྡོད་པའི་གཞུང་ཚབ་ཁང་གི་འཐུས་ཚབ་པར་ཐུག་འཕྲད་བྱས་ནས། དབྱིན་ཇི་ཕྱོགས་ཀྱིས་ཚེས8ཉིན།    ཨུ་རུ་སིའི་དབྱིན་ཇིར་སྡོད་པའི་གཞུང་ཚབ་ཁང་གི་རྒྱལ་སྲུང་དྲག་ཆས་དཔོན་པོ་ཞིག་ལ་མཛའ་མཐུན་མིན་ཞིང་གཞི་འཛིན་ས་མེད་པའི་ཐག་གཅོད་བྱས་པར་རྒོལ་གཏམ་དྲག་པོ་བཏང་། ཨུ་རུ་སིའི་ཕྱོགས་ཀྱིས། དབྱིན་ཇིའི་བྱ་སྤྱོད་དེར་ཆབ་སྲིད་ཀྱི་དམིགས་འབེན་ལྡན་པ་དང་། ཨུ་རུ་སིར་ངོ་རྒོལ་བྱེད་པའི་ངོ་བོ་མངོན་གསལ་ལྡན་ལ། ཕྱོགས་གཉིས་ཀྱི་འབྲེལ་བའི་ཐད་སུབ་ཐབས་མེད་པའི་གནོད་པ་བཟོས་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། དབྱིན་ཇིའི་ཐག་གཅོད་དེར་སྐྱིན་ལན་སྤྲོད་ཆེད། ཨུ་རུ་སིས་དབྱིན་ཇིའི་ཨུ་རུ་སིར་སྡོད་པའི་གཞུང་ཚབ་ཁང་གི་རྒྱལ་སྲུང་དྲག་ཆས་དཔོན་པོ་ཁི་ཀི་ཞི་ཨར་ནི་དགའ་བསུ་མི་བྱེད་པའི་མི་ཡིན་པ་ཁྱབ་བསྒྲགས་བྱས་པར་མ་ཟད། ཁོ་གཟའ་འཁོར་གཅིག་གི་ནང་ཨུ་རུ་སིའི་མངའ་ཁོངས་ནས་ཁ་འབྲལ་རྒྱུའི་རེ་བ་བཏོན།

རིན་ཆེན་མཚོས་བསྒྱུར།