ཟླ5པའི་ཚེས13ཉིན་ནས་ཚེས16ཉིན་བར། ཁམ་ཕུ་ཁྲེ་མི་དམངས་ཏང་གིས་གདན་དྲངས་པ་ལྟར་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་ལས་རོགས་པ་ཀྲའོ་ཧྲི་ཐུང་གིས་ཀྲུང་གུང་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཁམ་ཕུ་ཁྲེ་ལ་འཚམས་འདྲི་བྱས། དེའི་སྐབས་སུ་ཁམ་ཕུ་ཁྲེའི་མི་དམངས་ཏང་གི་ཀྲུང་དབྱང་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། གྲོས་ཁང་གོང་མའི་ཀྲུའུ་ཞི་གཞོན་པ་དང་པོ་པུའུ་ལཱ་སོའོ་ཁོན་དང་། འགོ་གཙོ་གཞོན་པ་ཧོང་མཱ་ཉི་སོ་སོར་ཐུག་འཕྲད་བྱས་ཤིང་། མི་དམངས་ཏང་ཀྲུང་དབྱང་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་པོ་སོའོ་ཟི་ཡཱ་ལ་དང་མཉམ་དུ་གྲོས་མོལ་བྱས་པ་དང་། ཁམ་ཕུ་ཁྲེ་དང་ཀྲུང་གོའི་མཛའ་མཐུན་གཞོན་ནུའི་ཁྱིམ་ཚང་གི་འགན་འཁུར་མི་སྣ་སོགས་ལ་ཐུག་འཕྲད་བྱས།
ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཁམ་ཕུ་ཁྲེའི་འབྲེལ་བ་དང་ཐུན་མོང་གིས་དོ་ཁུར་བྱེད་པའི་གནད་དོན་ཐད་བསམ་འཆར་བརྗེ་རེས་བྱས་པ་དང་། གཅིག་གྱུར་གྱིས་ཕྱོགས་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་དགོས་ཤིང་། ཏང་བར་གྱི་འགྲོ་འོང་གཏིང་ཟབ་ཏུ་གཏོང་བ་དང་། དཔལ་འབྱོར་དང་མི་གཞུང་རིག་གནས། ན་གཞོན་སོགས་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ཧུར་ཐག་གི་སྤེལ་ཏེ། ཀྲུང་གོ་དང་ཁམ་ཕུ་ཁྲེ་བར་གྱི་མཛའ་བརྩེ་སྲ་བརྟན་དང་རྒྱུད་འཛིན་བཟང་པོ་བྱེད་དགོས་ཞེས་བསྟན།
ལྷ་མོ་འཚོས་བསྒྱུར།