ཀྲུང་གོས་སི་རི་ཡའི་ཕྱོགས་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱས།
2024.05.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཚེས15ཉིན།   རྒྱ་གྲམ་དམར་པོའི་ཟླ་གསར་དམར་པོ་ཚོགས་པའི་པྲོག་གསར་གློ་ཚད་རིམས་ནད་རྒྱབ་ལྗོངས་འོག་གི་འཕྲལ་སྡོམ་དང་རྨང་གཞིའི་སྨན་བཅོས་དང་མི་ཆོས་རོགས་སྐྱོར་ལས་གཞིའི་སི་རི་ཡའི་ལས་གཞི་འགོ་རྩོམ་པའི་མཛད་སྒོ་དེ་སི་རི་ཡའི་རྒྱལ་ས་ཏ་མ་ཧྲི་ཀུ་རུ་བསྡུས།  ལས་གཞི་དེས་སི་རི་ཡར་མྱུར་དུ་མཁོ་བའི་འཕྲོད་བསྟེན་སྨན་བཅོས་ཁྱབ་ཁོངས་ཀྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱ་རྒྱུ་རེད།

སི་རི་ཡར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཧྲི་ཧུང་ཝེ་ཡིས་མཛད་སྒོའི་སྟེང་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་སི་རི་ཡའི་འཕེལ་རྒྱས་དང་བསྐྱར་སྐྲུན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཐེངས་འདིའི་རོགས་སྐྱོར་ཁྱབ་ཁོངས་སུ་འཕྲོད་བསྟེན་སྨན་བཅོས་ཁང་འཛུགས་པ་དང་བཟའ་བཅའི་རིགས་སྟེར་བ་སོགས་འདུ་ཞིང་། དེས་སི་རི་ཡའི་མང་ཚོགས་ཁྲི7ཙམ་ལ་ཕན་ཐོགས་ཐུབ་རྒྱུ་རེད།    ཀྲུང་གོ་ཕྱོགས་ཀྱིས་སི་རི་ཡའི་ཕྱོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ནས།  བྱ་སྤྱོད་དངོས་ཀྱི་སྟེང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་འདོད་ཡོད་ཟེར།

སི་རི་ཡའི་ཟླ་གསར་དམར་པོ་ཚོགས་པའི་འགན་འཁུར་བ་ཧ་ལི་ཏེ·ཧ་པུའུ་པ་ཐེ་ཡིས་ཀྲུང་གོ་སྲིད་གཞུང་གིས་སི་རི་ཡའི་མི་དམངས་ལ་གཏོང་ཕོད་ཆེ་བའི་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།  ཀྲུང་གོ་ཕྱོགས་དང་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ།  སི་རི་ཡའི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་རྒྱུའི་རེ་བ་ཡོད་ཟེར།

རྒྱ་གྲམ་དམར་པོ་ཚོགས་པ་དང་ཟླ་གསར་དམར་པོ་ཚོགས་པའི་རྒྱལ་སྤྱིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་སི་རི་ཡ་རུ་སྡོད་པའི་འཐུས་ཚབ་ཁྲུའུ་ཡི་ཀྲུའུ་རིན་སུའོ་ཉི་ཡ·པིས་ཡའེ་ཁི་ལོན་ཏི་ཡིས་ལས་གཞི་དེས་སི་རི་ཡའི་ཟླ་གསར་དམར་པོ་ཚོགས་པའི་སི་རི་ཡའི་སྨན་བཅོས་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་ནུས་ལྡན་བྱེད་པ་དང་། སི་རི་ཡའི་འབྲུ་རིགས་རོགས་སྐྱོར་མྱུར་དུ་མཁོ་བའི་ཁྱིམ་ཚང་ལ་རོགས་རམ་བྱེད་རྒྱུ་ཡིན་ཟེར།

གཡང་འབུམ་རྒྱལ་གྱིས་བསྒྱུར།