ཨ་རིས་ཅ་ཧྲ་ས་ཁུལ་དུ་བསྐྲུན་པའི་གནས་སྐབས་གྲུ་ཁ་སྤྱོད་འགོ་བརྩམས།
2024.05.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

 ཕ་ལེ་སི་ཐན་གྱི་སྨྱན་སྦྱོར་མང་པོ་ཞིག་གིས་གནས་ཚུལ་སྤེལ་བར་གཞིགས་ན།  ཨ་རིས་ཅ་ཧྲ་ས་ཁུལ་གྱི་དབུས་རྒྱུད་མཚོ་འགྲམ་དུ་བསྐྲུན་པའི་གནས་སྐབས་གྲུ་ཁ་རུ་ཚེས17ཉིན་ནས་བཟུང་།   མཚོ་ལམ་ནས་ཅ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་ཟོག་སྐྱེལ་འདྲེན་བྱེད་འགོ་བརྩམས།  

ཚེས17ཉིན།   ཅ་ཧྲ་ས་ཁུལ་གྱི་གནས་ཚུལ་སྤེལ་མཁན་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ལྗིད་འདེགས་རླངས་འཁོར་ཁ་ཤས་སུ་དངོས་པོ་བརྩིགས་ནས་ཅ་ཧྲ་ས་ཁུལ་ལྷོ་རྒྱུད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་མཛོད་ཁང་དུ་དངོས་ཟོག་སྐྱེལ་འདྲེན་བྱེད་བཞིན་འདུག་ཟེར།

ཚེས17ཉིན་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སི་ཡིས་གསལ་བསྒྲགས་སྤེལ་ནས།  གནས་སྐབས་གྲུ་ཁས་སྐམ་ལམ་གྱི་ས་མཚམས་སྒྲོལ་སའི་ཚབ་བྱེད་ཐབས་བྲལ་བས་ཕ་ལེ་སི་ཐན་མི་དམངས་ལ་རྣམ་པ་སྣ་ཚོགས་ཀྱི་རོགས་སྐྱོར་ཐོབ་དབང་ཡོད་ཟེར།

དབྱི་སི་རལ་དམག་ཕྱོགས་ཀྱིས་ཟླ4ཚེས25ཉིན་གྱི་དགོང་མོ་གསལ་བསྒྲགས་སྤེལ་ནས།  ཨ་རིས་ཅ་ཧྲ་ས་ཁུལ་དུ་གནས་སྐབས་གྲུ་ཁ་སྐྲུན་འགོ་ཚུགས་པ་དང་དབྱི་སི་རལ་དམག་གིས“བདེ་འཇགས་དང་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་རྒྱབ་སྐྱོར”མཁོ་འདོན་བྱས་ཡོད་ཟེར།

           གཡང་འབུམ་རྒྱལ་གྱིས་བསྒྱུར།