ཨུ་རུ་སིའི་བྱང་རྒྱུད་གྲོང་ཁྱེར་ཧྲིན་པིས་ཏི་པོའི་དམག་དོན་སློབ་གླིང་ཞིག་ཏུ་ཚེས17ཉིན་འགས་གཏོར་དོན་རྐྱེན་བྱུང་ནས་མི་བདུན་ལ་རྨས་ཕོག
ཨུ་རུ་སིའི་སྨྱན་བྱད་གྱིས་ལའེ་ཉིན་ཀི་ལི་དམག་ཁུལ་གྱི་གསར་འགྱུར་ཁྲུའུ་ནས་ཤེས་པའི་གནས་ཚུལ་ལྟར་ན། མོ་སི་ཁོའི་དུས་ཚོད་ཚེས17ཉིན་གྱི་དགོང་མོའི་དུས་ཚོད་བརྒྱད་སྟེང་། པུའུ་ཆུང་ཉི་དམག་དོན་འཕྲིན་གཏོང་སློབ་གླིང་ཡོད་སའི་ཁུལ་ཁོངས་སུ་འགས་གཏོར་བྱུང་། འགས་གཏོར་བྱུང་དུས། འབྲེལ་ཡོད་མི་སྣས་ས་འོག་གི་ཁང་བ་ཞིག་ཏུ་གད་སྙིག་གཙང་སེལ་བྱེད་ཀྱིན་ཡོད་པ་དང་། འགས་གཏོར་ཁྲོད་དམག་དོན་མི་སྣ་བདུན་ལ་རྨས་ཕོག་ལ། རྨས་མ་རྣམས་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་ཁོངས་གཏོགས་སྨན་བཅོས་ལས་ཁུངས་སུ་སྨན་བཅོས་བྱེད་པར་བསྐྱལ།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་འགས་གཏོར་ནི་ས་འོག་ཁང་བ་རུ་བཞག་ཡོད་པའི་སུའུ་ལེན་རྒྱལ་སྲུང་དམག་འཁྲུག་སྐབས་ཀྱི་རྫས་མདེལ་ལས་བྱུང་བ་ཡིན། ལའེ་ཉིན་ཀི་ལི་དམག་ཁུལ་དམག་སྤྱི་ཁང་གི་འཐུས་ཚབ་མི་སྣ་ཡུལ་དངོས་སུ་སོང་ནས་བརྟགབཤེར་བྱས།