ཁྲའོ་ཞན་གྱིས་ཕྱོགས་སྟོན་ལག་རྩལ་གསར་པ་སྤྱད་དེ་འཐབ་རྩལ་མདེལ་ལམ་འཕེན་གཏོང་ཚོད་ལྟ་བྱས།
2024.05.18 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 17

ཚེས18ཉིན།   ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན།  ཚེས17ཉིན་ཁྲའོ་ཞན་གྱིས་རང་བདག་ཕྱོགས་སྟོན་མ་ལག་གསར་པ་སྤྱད་དེ་ཁྲའོ་ཞན་ཤར་རྒྱུད་མཚོ་ཁོངས་སུ་འཐབ་རྩལ་མདེལ་ལམ་འཕུར་མདེལ་འཕེན་པའི་ཚོད་ལྟ་བྱས།   ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱིས་ཚོད་ལྟའི་འཕེན་གཏོང་བྱེད་སྒོར་ལྟ་སྦྱོང་བྱས།

གནས་ཚུལ་སྤེལ་བའི་ནང་ད་ཐེངས་ཀྱི་ཚོད་ལྟའི་འཕེན་གཏོང་གི་དམིགས་ཡུལ་ནི་གོ་མཚོན་མ་ལག་གི་ལག་རྩལ་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་དང་།  ཁྲའོ་ཞན་གྱི་རང་བདག་ཕྱོགས་སྟོན་མ་ལག་གི་གནད་འཁེལ་རང་བཞིན་དང་བློས་འགེལ་རང་བཞིན་ལ་ཚོད་ལྟ་འཕེན་གཏོང་བྱས་པ་བརྒྱུད་ར་སྤྲོད་ཐུབ་ཡོད་ཅེས་འཁོད་ཡོད། ཅིན་ཀྲེང་ཨེན་གྱིས་ཁྲའོ་ཞན་གྱིས་རང་ཚུགས་ངང་ཞིབ་འཇུག་གསར་སྤེལ་བྱས་པ་དང་འབྲེལ་རང་བདག་ཕྱོགས་སྟོན་མ་ལག་གྲུབ་འབྲས་ཐོབ་པའི་ངང་སྤྱད་པའི་དམག་དོན་འཐབ་ཇུས་ཀྱི་རིན་ཐང་ལ་བློ་ཡིད་ཚིམ་པོ་བྱེད་ཀྱི་ཡོད་ཟེར། 

ཚེས18ཉིན།  ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་ད་དུང་གནས་ཚུལ་སྤེལ་ནས།  ཚེས17ཉིན་ཅིན་ཀྲེང་ཨེན་གྱིས་གོ་མཚོན་སྒྲིག་ཆས་གལ་ཆེན་ཐོན་སྐྱེད་བྱེད་པའི་དམག་དོན་བཟོ་ལས་ཁེ་ལས་ཤིག་ལ་ལྟ་ཞིབ་བྱས་ཟེར།


གཡང་འབུམ་རྒྱལ་གྱིས་བསྒྱུར།