མོ་རོ་ཁོའི་རྒྱལ་ཡོངས་རང་དབང་མི་སྣའི་མནའ་འབྲེལ་གྱི་གདན་ཞུས་ལྟར་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་རྒྱུན་གཏན་ལས་དོན་གྱི་འགན་འཁུར་མཁན། ཧྲུའུ་ཅི་གཞོན་པ་ཀུའོ་ཝུན་ཆི་ཡིས་ཀྲུང་གུང་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཟླ5བའི་ཚེས16ནས་ཚེས18ཉིན་བར་མོ་རོ་ཁོར་འཚམས་འདྲི་གནང་བ་དང་། གྲོས་ཁང་འོག་མའི་གྲོས་དཔོན་གཞོན་པ་ཙེ་ན་དང་ཀི་ཝ་ཐི། རང་དབང་མནའ་འབྲེལ་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། སྲིད་གཞུང་དང་གྲོས་ཚོགས་འབྲེལ་བའི་བློན་ཆེན་རིམ་པའི་འཐུས་མི་པ་ཡེ་ཐ་སི། དངོས་ཡོད་རང་བཞིན་དང་དེང་རབས་ཏང་གི་འགོ་ཁྲིད་ཚོགས་པའི་ཁོངས་མི་ཨའེ་པུའུ་ཅ་ལི། རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཁ་ཁུའུ་སི། རང་བཙན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་པ་ལ་ཁ་སོགས་དང་ཐུག་འཕྲད་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དྲིལ་བསྒྲགས་ངོ་སྤྲོད་གཏིང་ཟབ་བྱས་པར་མ་ཟད། ཀྲུང་གོ་དང་མོ་རོ་ཁོའི་འབྲེལ་བ་དང་ཏང་བར་གྱི་འགྲོ་འོང་སོགས་ཀྱི་ཐད་ནས་བསམ་འཆར་བརྗེ་རེས་བྱས།
མོ་རོ་ཁོ་ཕྱོགས་ཀྱིས་བསྟན་དོན། ཀྲུང་གོ་ཕྱོགས་དང་འཐབ་ཇུས་འབྲེལ་མཐུད་དང་འདུ་ཤེས་བརྗེ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཤ་བོ་གསེར་མཚོས་བསྒྱུར།