དབྱི་ལིང་གི་ནང་སྲིད་པུའུ་ཀྲང་ཨེ་ཧ་མའེ་ཏི་ཝ་ཞི་ཏིས་ཀྱིས་ཚེས19ཉིན་དབྱི་ལིང་རྒྱལ་ཁབ་བརྙན་འཕྲིན་ཁང་ལ་བདེན་དཔང་བྱས་ནས་བཤད་རྒྱུར། དབྱི་ལིང་གི་ཙུང་ཐུང་ལའེ་ཞི་ཡི་གྱེན་འཕུར་གནམ་གྲུའི་རུ་དཔུང་ཁྲོད་ཀྱི་གྱེན་འཕུར་གནམ་གྲུ་ཞིག་བཙན་གྱིས་སར་འབབ་དགོས་པའི་དོན་རྐྱེན་བྱུང་བ་དང་། རོགས་སྐྱོབ་རུ་ཁག་ད་ལྟ་ཡུལ་དངོས་སུ་སྐྱོད་བཞིན་ཡོད་ཟེར། ས་གནས་དེའི་སྨྱན་བྱད་ཀྱིས་སྤེལ་བའི་གསལ་བསྒྲགས་ལྟར་ན། སྨུག་སྤྲིན་འཐིབ་པ་སོགས་གནམ་གཤིས་ངན་པའི་འོག་རོགས་སྐྱོབ་བྱ་བ་དཀའ་ཁག་ལ་འཕྲད་སྲིད་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།