ས་དེའི་དུས་ཚོད་ཚེས19ཉིན་གྱི་སྔ་དྲོར་ཏོ་སྨི་ནི་ཁན་གྱི་འདེམས་བསྐོ་ལ་འདེམ་ཤོག་འཕེན་མགོ་བརྩམས་ཤིང་། ཐོག་མའི་འདེམ་བསྐོའི་མཇུག་འབྲས་ཉིན་དེའི་དགོང་མོར་གསལ་བསྒྲགས་བྱེད་རྒྱུ་རེད།
ས་དེའིཉིན་དེའི་སྔ་དྲོའི་དུས་ཚོད་བདུན་སྟེང་། ཏོ་སྨི་ནི་ཁན་གྱི་རྒྱལ་ཡོངས་འདེམ་ཤོག་འཕེན་སའི་ས་ཚིགས་འདེམ་དམངས་ཡོངས་ལ་སྒོ་འབྱེད་བྱས་པ་དང་། འདེམ་ཤོག་མཚམས་འཇོག་པའི་དུས་ཚོད་ཉིན་དེའི་དུས་ཚོད་བཅུ་བདུན་རེད། འདེམས་དམངས་ས་ཡ་བརྒྱད་དང་འབུམ་གཅིག་ལྷག་གིས་སྐབས་རྗེས་མའི་ཙུང་ཐུང་འདེམ་པ་ལས་གཞན། ད་དུང་གྲོས་ཁང་གོང་མའི་གྲོས་མི་དང་། གྲོས་ཁང་ཞོལ་མའི་གྲོས་མི། མེ་གླིང་དབུས་མའི་གྲོས་ཁང་གི་གྲོས་མི་བཅས་འདེམ་དགོས།
ཐེངས་འདིའི་ཙུང་ཐུང་འདེམ་བསྐོའི་ཁྲོད་དུ། བསྡོམས་པས་འདེམ་སྒུག་པ་དགུ་ཞུགས་ཡོད་ལ། འདེམ་བསྐོའི་སྔོན་གྱི་དམངས་ཀྱི་རྟོག་དཔྱོད་གསར་བར་གཞིགས་ན། ད་ལྟའི་ཙུང་ཐུང་། དེང་རབས་གསར་བརྗེ་ཏང་གི་འདེམ་སྒུག་པ་ལུའུ་དབྱི་སི་ཨ་པིས་ན་ཏི་ཨར་གྱི་དགེ་མཚན་མངོན་གསལ་ཡིན་ལ། ཙུང་ཐུང་སྔོན་མ། མི་དམངས་སྟོབས་ཤུགས་ཏང་གི་འདེམ་སྒུག་པ་ལེ་ཨང་ཨར་ཧྥེ་ཨར་ནན་ཏི་སི་ཨང་གཉིས་པ་རེད།
ཏོ་སྨི་ནི་ཁན་གྱི་ཙུང་ཐུང་འདེམ་བསྐོ་དེ་ལོ་བཞིའི་ནང་ཐེངས་གཅིག་རེར་འདེམ་བཞིན་ཡོད། འབྲེལ་ཡོད་བཅའ་ཁྲིམས་ལྟར་ན། ཐོག་མའི་འདེམ་ཤོག་ཁྲོད། གལ་ཏེ་འདེམ་སྒུག་པར་འདེམ་ཤོག་ཕྱེད་ཀ་ཡན་མ་ཐོབ་ན། འདེམ་ཤོག་ཐོབ་པ་ཆེས་མང་བའི་འདེམ་སྒུག་པ་གཉིས་སྐབས་གཉིས་པའི་འདེམ་ཤོག་འཕེན་པའི་ཁྲོད་ཞུགས་དགོས།
རིག་འཛིན་སྒྲོལ་མས་བསྒྱུར།