དབྱི་ལིང་གི་ཙུང་ཐུང་ལའེ་ཞི་གྱེན་འཕུར་གནམ་གྲུའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར།
2024.05.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

དབྱི་ལིང་མེད་ཧཱ་ཨར་འཕྲིན་གཏོང་ཁང་གིས་ཚེས་ཉི་ཤུ་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཙུང་ཐུང་ལའེ་ཞི་གྱེན་འཕུར་གནམ་གྲུའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར།

དབྱི་ལིང་སྲིད་གཞུང་གིས་ཚེས་ཉི་ཤུ་ཉིན་གསལ་སྒྲོག་སྤེལ་ཏེ་དབྱི་ལིང་གི་ཙུང་ཐུང་ལའེ་ཞི་གྱེན་འཕུར་གནམ་གྲུའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་རྗེས། དབྱི་ལིང་སྲིད་གཞུང་མུ་མཐུད་དུ་འཁོར་སྐྱོད་བྱེད་རྒྱུ་ཡིན་པ་དང་། ཕྱི་ཕྱོགས་ཀྱི་ཐེ་གཏོགས་ཐེབས་མི་སྲིད་ཟེར། གཞན་ཡང་དབྱི་ལིང་སློབ་མའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཙུང་ཐུང་གཞོན་པ་དང་པོ་མུའུ་ཧི་པེད་ཨར་གྱིས་ཕྱིན་ཆད་ཀྱི་ཉིན་ལྔ་བཅུའི་ནང་ཙུང་ཐུང་གི་འགན་ཁུར་ཏེ། དམིགས་བསལ་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་ནས་ཙུང་ཐུང་གསར་བའི་འདེམ་བསྐོའི་བྱ་འགུལ་སྤེལ་རག་བར་འགན་ཁུར་དགོས།


བསོད་ནམས་ཚེ་རིང་གིས་བསྒྱུར།