ཅཱ་ཧྲ་ས་ཁུལ་གྱི་རྨས་མ་སྐོར་དང་པོར་དབྱི་རག་ནས་སྨན་བཅོས་བྱེད་འགོ་བརྩམས།
2024.05.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

དབྱི་རག་འཕྲོད་བསྟེན་པུའུ་ཡིས་ཚེས22ཉིན་གསལ་བསྒྲགས་སྤེལ་ནས་བསྟན་དོན། ཕཱ་ལི་སི་ཐཱན་ཅ་ཧྲ་ས་ཁུལ་གྱི་རྨས་མར་སྐོར་དང་པོར་དབྱི་རག་ཏུ་སྨན་བཅོས་བྱེད་འགོ་བརྩམས།

གསལ་བསྒྲགས་ནང་བསྟན་དོན། དབྱི་རག་སྲིད་གཞུང་གིས་ཅཱ་ཧྲ་ས་ཁུལ་དུ་རོགས་སྐྱོར་བྱེད་པའི་ཁག་ཅིག་སྟེ། ཐོག་མའི་རྨས་མ་ཉེར་བདུན་དང་ཁོ་ཚོའི་འགྲོ་རོགས་ཀྱི་ཁྱིམ་མི་ཞེ་གཉིས་བཅས་ཉིན་དེར་གནམ་གྲུར་བསྡད་ནས་དབྱི་རག་ཏུ་འབྱོར་བ་དང་། དབྱི་རག་འཕྲོད་བསྟེན་ཁང་གིས་མྱུར་སྐྱོབ་རླངས་འཁོར་མངགས་ནས་རྨས་མ་རྣམས་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱས།

དབྱི་རག་འཕྲོད་བསྟེན་ཁང་གི་པུའུ་ཀྲང་ཧཱ་ནི་ཝུའུ་ཁ་པིས་ཀྱིས་བཤད་རྒྱུར། ཐོག་མའི་རྨས་མ་དག་ནི་ལོ་ལོན་དང་བུད་མེད། བྱིས་པ་བཅས་གཙོ་བོ་ཡིན་པ་དང་། དབྱི་རག་འཕྲོད་བསྟེན་པུའུ་ཡིས་ཁོ་ཚོར་སྨན་བཅོས་བྱེད་པར་གྲ་སྒྲིག་བྱས་ཡོད་ཟེར།

ན་ནིང་གི་ཟླ་བཅུ་བའི་ནང་དབྱི་སི་རལ་དང་ཕཱ་ལི་སི་ཐཱན་བར་འཁྲུག་རྩོད་བྱུང་བའི་ཚུན་ལ། དབྱི་རག་གིས་ཨེ་ཅིབ་བརྒྱུད་ནས་ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་དངོས་རྫས་མང་པོ་བསྐྱལ། ད་ལོའི་ཟླ་བཞི་པར། དབྱི་རག་སྲིད་གཞུང་གིས་ཅཱ་ཧྲ་ས་ཁུལ་གྱི་རྨས་མར་སྨན་བཅོས་བྱེད་རྒྱུ་ཐག་བཅད། 

མི་ཕམ་མགོན་པོས་བསྒྱུར།