འཛམ་གླིང་ཡོངས་ཀྱི་མཁོ་འདོན་མུ་འབྲེལ་གྱི་གླེང་སྟེགས་ཐོག་མ་པཱ་པཱ་ཏའོ་སི་ནས་སྤེལ།
2024.05.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉོ་ཚོང་དང་འཕེལ་རྒྱས་གྲོས་ཚོགས་དང་པཱ་པཱ་ཏའོ་སིའི་སྲིད་གཞུང་གིས་མཉམ་དུ་གཙོ་སྒྲུབ་བྱས་པའི་འཛམ་གླིང་ཡོངས་ཀྱི་མཁོ་འདོན་མུ་འབྲེལ་གྱི་གླེང་སྟེགས་ཐོག་མ་ཚེས21ཉིན་པཱ་པཱ་ཏའོ་སིའི་རྒྱལ་ས་པུའུ་ལི་ཆི་ཏོན་ནས་སྤེལ་མགོ་བརྩམས།

སྐབས་འདིའི་གླེང་སྟེགས་ཀྱི་ཚོགས་ཡུན་ཉིན་བཞི་ཡིན་པ་དང་། དཔལ་འབྱོར་འཛམ་གླིང་ཧྲིལ་བོ་ཅན་དང་འཛམ་གླིང་ཡོངས་ཀྱི་མཁོ་འདོན་མུ་འབྲེལ་མཉམ་འདྲེས་སོགས་གྲོས་གཞི་གལ་ཆེན་རབ་དང་རིམ་པ་གཙོ་གནད་དུ་བཟུང་ཡོད། ཀྲུང་གོའི་ཉོ་ཚོང་སྐུལ་འདེད་ལྷན་ཚོགས་ཀྱི་ཚོགས་གཙོ་རིན་ཧོང་པེན་གྱིས་ཀྲུང་གོའི་ཁེ་ལས་པའི་འཐུས་ཚབ་ཚོགས་པ་ཁྲིད་དེ་གླེང་སྟེགས་ལ་ཞུགས།

རིན་ཧོང་པེན་གྱིས་གླེང་སྟེགས་སྟེང་གཏམ་བཤད་སྤེལ་སྐབས་བསྟན་དོན། དཔལ་འབྱོར་འཛམ་གླིང་ཧྲིལ་བོ་ཅན་དུ་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་བསྟུན་ནས། འཛམ་གླིང་ཡོངས་ཀྱི་མཁོ་འདོན་མུ་འབྲེལ་མྱུར་མོར་མཉམ་འདྲེས་བྱུང་བ་དང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དང་མིའི་རིགས་ཀྱི་སྤྱི་ཚོགས་མདུན་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་འདུས་པའི་རྒྱལ་ཁབ་སོ་སོ་ནི་འཛམ་གླིང་མཁོ་འདོན་མུ་འབྲེལ་གྱི་ལས་རིམ་གལ་ཆེན་རེ་ཡིན་པས། ཕྱོགས་སོ་སོས་གཅིག་འབྲེལ་གཅིག་བརྟེན་ལ་ཤུགས་སྣོན་བྱས་ནས། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོགས་པོའི་འབྲེལ་བ་འཛུགས་དགོས་ཟེར།

གླེང་སྟེགས་སྐབས་སུ། རིན་ཧོང་པེན་ཀྲུང་གོའི་ཉོ་ཚོང་སྐུལ་འདེད་ཚོགས་པས་གཙོ་སྒྲུབ་བྱས་པའི་འཛམ་གླིང་ཡོངས་ཀྱི་མཁོ་འདོན་མུ་འབྲེལ་སྐུལ་འདེད་སྙན་ཞུ་སྤེལ་བ་དང་སྐབས་གཉིས་པའི་ཀྲུང་གོའི་རྒཡལ་སྤྱིའི་མཁོ་འདོན་མུ་འབྲེལ་སྐུལ་སྤེལ་འགྲེམ་སྟོན་མཚམས་སྦྱོར་ཚོགས་འདིར་ཞུགས་ནས་ཞུ་ཚིག་ཕུལ་བར་མ་ཟད། པཱ་པཱ་ཏའོ་སིའི་ཙུང་ལི་མའོ་ཐི་ལེ་སོགས་སྲིད་གཞུང་གི་དཔོན་རིགས་དང་རྒྱལ་སྤྱིའི་རྩ་འཛུགས་མང་བོའི་འགན་ཁུར་པར་གྲོས་མོལ་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།