ཚེས23ཉིན་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཡིས་མུའུ་ལ་ཝེ་དབྱི་ཁི་དྲག་ཆས་སྟོབས་ཤུགས་ཀྱི་སྤྱིའི་ཇུས་འདོན་པར་བསྐོ་འཇོག་བྱས་པ་དང་ཞོར་དུ་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པ་དང་པོའི་འགན་ཁུར་དུ་བཅུག་ནས། ཕྱིར་འབུད་བྱས་པའི་ཀུའུ་ལེ་ཝེ་ཆི་ཡིས་ཚབ་བྱེད་དུ་བཅུག
ཚེས23ཉིན་ཨུ་རུ་སི་དཀར་པོའི་ཙུང་ཐུང་དྲ་ཚིགས་ཀྱིས་གནས་ཚུལ་ཁྱབ་བསྒྲགས་བྱས་ནས་བཤད་རྒྱུར། ལུའུ་ཁཱ་ཧྲིན་ཁི་ཡིས་མུའུ་ལ་ཝེ་དབྱི་ཁི་བསྐོ་འཇོག་བྱེད་སྐབས། རྒྱལ་སྲུང་པུའུ་ཀྲང་དང་སྤྱིའི་ཇུས་འདོན་པའི་བར་དུ་གསལ་དག་གི་བར་མཚམས་ཡོད་དེ། སྤྱིའི་ཇུས་འདོན་པའི་བྱ་བར་ཚིགས་ཐུབ་རང་བཞིན་ངེས་ཅན་ཡོད་པས། ཐད་ཀར་དམག་དོན་བྱ་འགུལ་ཚང་མའི་འཆར་གཞི་དང་ལག་བསྟར་ཁྲོད་ཞུགས་ཆོག་པ་གསལ་བོར་བསྟན།
མུའུ་ལཱ་ཝེ་དབྱི་ཁི་ཡིས་དེའི་སྔོན་ཨུ་རུ་སིའི་བདེ་འཇགས་གྲོས་ཁང་གི་རྒྱལ་དོན་དྲུང་ཡིག་གཞོན་པ་དང་པོའི་འགན་ཁུར་མྱོང་ཞིང་། ཁོས་སྔོན་ཆད་དུས་ཡུན་རིང་བོར་སྤྱིའི་ཇུས་འདོན་པུའུ་ཡི་དམག་འཐབ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་དང་སྤྱིའི་ཇུས་འཇོན་པ་གཞོན་པའི་འགན་ཁུར་མྱོང་། ཐེངས་མང་པོར་དམག་དོན་འཁྲབ་སྦྱོང་ཆེ་གྲས་རིགས་ཀྱི་གྲབས་སྒྲིག་དང་ལག་བསྟར་བྱ་བའི་ཁྲོད་ཞུགས་མྱོང་། དེའི་ཁྲོད་ཨུ་རུ་སིའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སོགས་ཀྱང་འདུས།
རིག་འཛིན་སྒྲོལ་མས་བསྒྱུར།