མའོ་ཧན་མའོ་ཏི་ཏའེ་པུས་ཀྱིས་ཚེས23ཉིན་ཀྲ་ཏིའི་རྒྱལ་ས་ཨིན་ཅཱ་མཱེ་ནཱ་ནས་དམ་བཅའ་བཞག་སྟེ་ཀྲ་ཏི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་ཁུར་བ་དང་། རྒྱལ་ཁབ་མང་བོའི་མགོ་ཁྲིད་པ་དང་ཆབ་སྲིད་མགོ་ཁྲིད་པ་གདན་ཞུས་ལྟར་དམ་བཅའ་བཞག་ནས་ལས་འགན་ཁུར་བའི་མཛད་སྒོར་ཞུགས།
མའོ་ཧན་མའོ་ཏི་ཏའེ་པུས་ཀྱིས་ལས་འགན་ཁུར་བའི་མཛད་སྒོའི་སྟེང་བཤད་རྒྱུར། ཁོས་འགན་ཡུན་ནང་བཅོས་བསྒྱུར་བྱེད་པར་བརྩོན་རྒྱུ་ཡིན་པ་དང་། གཏན་འཇགས་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན་ལ། འཕྲོད་བསྟེན་མ་ལག་གི་དེང་རབས་ཅན་མངོན་འགྱུར་བྱེད་རྒྱུ་མ་ཟད། རྒྱལ་ཁབ་དེའི་རིག་གནས་དང་ཡུལ་སྐོར་ལས་དོན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
མའོ་ཧན་མའོ་ཏི་ཏའེ་པུས་ཀྱི་ཙུང་ཐུང་འགན་ཡུན་ལོ་ངོ་ལྔ་ཡིན་པ་དང་བསྟུད་འགན་ཐེངས་གཅིག་ཁུར་ཆོག་པ་རེད།
ཀྲ་ཏིའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་དེ་ཟླ5བའི་ཚེས6ཉིན་སྤེལ་བ་དང་། ཀྲ་ཏིའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཚེས16ཉིན་ཙུང་ཐུང་འདེམ་བསྐོའི་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་ཡིན་ལ། མའོ་ཧན་མའོ་ཏི་ཏའེ་པུས་ལ་བརྒྱ་ཆའི་རེ་གཅིག་གི་འདེམ་ཤོག་ཐོབ་ཚད་ཀྱིས་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།