ཀྲ་ཏི་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཚེས་ཉེར་གསུམ་ཉིན་གྱི་དགོང་མོར་ཙུང་ཐུང་བཀའ་ཁྱབ་སྒྲོག་འདོན་བྱས་པ་ལྟར་ན། ཀྲ་ཏིའི་ཙུང་ཐུང་མུའུ་ཧན་མའོ་ཏི·ཏའེ་པིས་ཀྱིས་ཧཱ་ལིས་ནཱ་ཙུང་ལིས་ལ་བསྐོ་འཇོག་བྱས།
2023ལོའི་ཟླ1པོར་ཧཱ་ལིས་ནཱ་ཀྲ་ཏིའི་ཀྲུང་གོར་སྡོད་པའི་གཞུང་ཚབ་པར་བསྐོས་པ་དང་། དེའི་སྔོན་ཁོས་ཀྲ་ཏིའི་རྒྱལ་ཁབ་སྐུ་མགྲོན་གུས་ཞབས་ཟི་ཡི་ཟི་ཀྲང་གི་འགན་ཁུར་མྱོང་།
མུའུ་ཧན་མའོ་ཏི·ཏའེ་པིས་ཀྱིས་ཚེས23ཉིན་གྱི་སྔ་དྲོར་རྒྱལ་ས་ཨིན་ཅ་མའེ་ནཱ་རུ་ཀྲ་ཏིའི་ཙུང་ཐུང་གི་འགན་བཞེས་དམ་བཅའ་བཞག་པ་དང་། ཟླ5ཚེས6ཉིན་གྱི་ཙུང་ཐུང་འདེམ་བསྐོའི་ཁྲོད་བརྒྱ་ཆའི་རེ་གཅིག་གི་འདེམ་ཤོག་ཐོབ་ནས་རྒྱལ་ཁ་བླངས་པ་རེད།
རིག་འཛིན་སྒྲོལ་མས་བསྒྱུར།